26519

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ་ (1)
Part of speech མིང་ཚིག
Definition ཡུལ་མ་ག་དྷཱ་ནས་བྱུང་བའི་དགེ་བསྙེན་དམ་པ་ཉི་མ་པ་ཞེས་བྱ་བས་མཛད་པའི་དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ། རྩེས་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བསྒྱུར། བསྟོད་ཚོགས་ཀ་པར་བཞུགས།
དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ་ (2)
Part of speech མིང་ཚིག
Definition ཡུལ་མ་ག་དྷ་ནས་བྱུང་བའི་དགེ་བསྙེན་དམ་པ་ཉི་མ་པ་ཞེས་བྱ་བས་མཛད་པའི་དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ། སྤྱན་སྔ་ཆོས་ཀྱི་རྒྱལ་པོས་གསེར་གྱི་མེ་ཏོག་དང་བཅས་པའི་བཀའ་ལུང་གིས་རྩེ་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བསྒྱུར། ཆོས་ཚན་འདི་བསྟན་འགྱུར་དཔེ་བསྡུར་མ་ལ་གོང་དུ་ཆོས་ཚན་༠༠༦༩ པ་དང་བསྐྱར་ཟློས་སུ་འཁོད་པ་སྟེ་ཆོས་ཚན་ ༠༠༦༦ པ་དང་ ༢༧༠༡ པའི་ཟུར་མཆན་ལ་གཟིགས། བསྟན་འགྱུར་རྒྱུད་ཁ་པར་བཞུགས།