26526

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡན་ཟླ་བ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཟླ་བ་གྲགས་པ་སྟེ། ཁོང་ནི་རྒྱ་གར་ལྷོ་ཕྱོགས་ས་མནྡར་ལ་སྐུ་འཁྲུངས། ཆུང་དུས་ནས་རིག་གནས་མཐའ་དག་ལ་ལེགས་པར་སྦྱངས། ལྷོ་ཕྱོགས་ཀྱི་རྒྱུད་དེ་ཉིད་དུ་རབ་ཏུ་བྱུང་། སློབ་དཔོན་ཀླུ་སྒྲུབ་དང་སངས་རྒྱས་བསྐྱངས། ལག་ལྡན་འབྱེད་ཀྱི་སློབ་མ་མང་པོ་ལས་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་གསན། དབུ་མ་དང་གསང་སྔགས་ཀྱི་གཞུང་མཐར་ཕྱིན་པར་སྦྱངས། ནཱ་ལེན་དྲའི་མཁན་པོ་ཡུན་རིང་དུ་མཛད། སྐུ་ཚེ་སྨད་དུ་རང་ཉིད་ཀྱི་འཁྲུངས་ཡུལ་ལྷོ་ཕྱོགས་རྒྱུད་དུ་བྱོན་ནས་ལྷ་ཁང་དང་དགོན་པ་མང་པོ་བཏབ། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་དང་། དབུ་མའི་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་སོགས་བསྟན་བཅོས་མང་པོ་མཛད།

{{#arraymap:དཔལ་ལྡན་ཟླ་བ་

|; |@@@ | | }}