2656
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྙུང་དབྱིབས་ཅུང་རིང་ཞིང་རྩ་ཕྲན་ཡོད་པ་དང་། ལོ་མ་སྔོ་སྐྱ་སྒྲོ་དབྱིབས་རྒྱབ་དཀར་པོ་ས་ལ་འབྱར་ནས་སྐྱེ་ཞིང་། ངར་པ་ཐུང་ལ་རྩེ་རྣོ་བ་ཉག་ཆེན་པོ་ཡོད་པ་དང་ཉག་ཆེན་ནས་ཉག་ཆུང་དོན་པ་རྩེ་རྣམས་རྣོ་བ། མེ་ཏོག་རྒྱ་སྨུག་དོམ་དོམ་འདྲ་བ་ལོ་མ་རྣམས་ཀྱི་དབུས་ནས་བཞི་ལྔ་ཙམ་འབྲེལ་ཏེ་མཉམ་དུ་ཤར་བ། འབྲས་བུ་སྐམ་ཚག་སྤུ་དཀར་ཡོད་པ་ནར་ལ་ཞིབ་པ་མང་པོ་ཡོད་པ་སྟེ། ཀོན་པ་གན་སྐྱེས་རི་ལ་སྐྱེ་བ་ཕོ། ལུང་ལ་སྐྱེས་བ་མོ་ཞེས་པ་སྟེ། གྲོག་ཤུར་དང་། རི་མ་ཐང་དུ་སྐྱེ། རྩ་བ་བཅས་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ཁྲག་ཤོར་གྱི་རིགས་དང་། ཁྲག་ཚད་རྒྱས་པ། རྩ་ཚད། གསར་རྙིང་གི་རྨ། ཤ་དུག་སོགས་ལ་ཕན་པ་ཡིན། མིང་གི་རྣམ་གྲངས་ལ། སྐོན་པ་གབ་སྐྱེས། ཀོན་པ་རྒྱབ་སྐྱ། བསིལ་ལྡན་མྱུ་གུ། ཤ་དུག་ཆིག་ཐུབ། ཁྲོག་ཆེན་པ། སོག་ལེ་ཁ། རྨ་སྨན་སེང་གེ་འཇིགས་མེད། གོང་མོ་བཅད་འབྱོར། གབ་སྐྱེས་པ། གོ་བོ་བཅད་འབྱོར་ཟེར། |