26562

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡན་ཨ་ཏི་ཤ་ (1)
Part of speech མིང་ཚིག
Definition དཱི་པཾ་ཀ་རའམ་མར་མེ་མཛད་ཀྱང་ཟེར། རབ་བྱུང་སྔོན་གྱི་ཆུ་རྟ་ཕྱི་ལོ་ ༩༨༢ ལོར་རྒྱ་གར་ཤར་ཕྱོགས་བྷང་གྷ་ལའི་ཡུལ་དུ་འཁྲུངས། མཁན་ཆེན་ཞི་བ་འཚོ་དང་གདུང་རྒྱུད་གཅིག་པའི་ཟ་ཧོར་གྱི་རྒྱལ་པོ་དགེ་བ་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་འབྲིང་པོ་ཡིན། དགུང་ལོ་ལྔ་ལོན་པ་ནས་ཆོས་གསུང་མཁྱེན་པ་དང་། ནང་དོན་ཕུན་སུམ་ཚོགས་པའི་ཚིགས་བཅད་ཀྱང་ཞལ་ནས་ཐོགས་མེད་དུ་གསུང་ཐུབ་པ་ཞིག་ཡིན། དགུང་ལོ་བཅུའི་བར་སྒྱུ་རྩལ་སྣ་ཚོགས་ལ་སྦྱངས་ཤིང་། དེ་ནས་མུ་སྟེགས་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་སྒྲ་རིག་པ་དང་། ཚད་མ་རིག་པ་བཅས་ལ་སློབ་གཉེར་གནང་། དགུང་ལོ་ཉེར་དགུར་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་གཙུག་ལག་ཁང་དུ་རབ་བྱུང་མཛད། མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་གསེར་མང་པོའི་འབུལ་བ་དང་བཅས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་མངགས་ཏེ། བོད་དུ་གདན་འདྲེན་པར་བཏང་ཡང་གདན་དྲངས་མ་ཐུབ། ཡེ་ཤེས་འོད་སྐུ་གཤེགས་པ་དང་ཁོང་གི་ཞལ་ཆེམས་ལྟར་ཚ་བོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སླར་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་མངགས་ནས་བོད་དུ་གདན་ཞུ་གནང་བར་རྒྱ་གར་གྱི་རྒྱལ་པོ་དང་བྲི་ཀཱ་མ་ཤི་ལའི་དགོན་པའི་མཁན་པོ་དགེ་འདུན་དང་བཅས་པས་བོད་དུ་ལོ་གསུམ་བཞུགས་ཆོག་པའི་གནང་བ་ཐོབ་ནས་དགུང་ལོ་ང་དགུ་པ་རབ་བྱུང་དང་པོའི་ལྕགས་འབྲུག་ཕྱི་ལོ་ ༡༠༤༠ ལོར་བལ་ཡུལ་བརྒྱུད་ནས་མངའ་རིས་སུ་ཕེབས་ཏེ་ལོ་གསུམ་རིང་བཞུགས། བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་མཛད། དེ་ནས་རབ་བྱུང་དང་པོའི་ཆུ་རྟ་ཕྱི་ལོ་ ༡༠༤༢ ལོར་རྒྱ་གར་དུ་ཕྱིར་ཕེབས་རྩིས་ལ་སྐབས་བལ་ཡུལ་མཐའ་མཚམས་སུ་འཁྲུག་པ་ལངས་ནས་ཕེབས་མ་ཐུབ་པར་གནས་སྐབས་ཕྱིར་འགྱངས་གནང་སྟེ་བཞུགས་མུས་ལ་འབྲོམ་སྟོན་པ་ཕེབས་ཏེ་བོད་དབུས་གཙང་དུ་གདན་ཞུ་གནང་བ་ལྟར་ཐོག་མར་བསམ་ཡས། ཡར་ལུང་སོགས་སུ་ཟླ་ཤས་བཞུགས་ནས་འབྲོམ་སྟོན་པས་སྙེ་ཐང་དུ་གདན་དྲངས། དེར་ལོ་དགུ་དང་། འཕན་པོ་དང་། ཡེར་པ། ལྷ་ས་སོགས་སུ་ཕེབས་ཏེ་ཆོས་གསུངས་པ་དང་། བསྒྱུར་པ། འགྱུར་བཅོས་སོགས་མཛད། མཐར་དགུང་ལོ་བདུན་ཅུ་དོན་གསུམ་ལ་ཕེབས་པ་ཤིང་རྟ་ལོའི་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཕྱི་ལོ་ ༡༠༥༤ལ་སྙེ་ཐང་དུ་སྐུ་གཤེགས། སྐུ་གདུང་རྣམས་སྙེ་ཐང་ན་མོ་ཆེར་ཞུགས་ལ་ཕུལ། སྙེ་ཐང་འོར་དུ་སྐུ་གདུང་བཞུགས་པའི་གཙུག་ལག་ཁང་བཞེངས་པའོ། །

{{#arraymap:དཔལ་ལྡན་ཨ་ཏི་ཤ་

|; |@@@ | | }}