26563

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡེ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་སྟོད་དུ་ཉང་སྟོད་རྒྱལ་མཁར་རྩེར་ཡབ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། ཡུམ་ཅོག་རོ་བཟའ་མགོན་དཔལ་གཉིས་ཀྱི་སྲས་སུ་འཁྲུངས། ཆུ་འབྲུག་ཕྱི་ལོ ༩༩༢ ལོར་ཡབ་མཆེད་སོ་སོར་གྱེས། གཙང་ཕྱོགས་ཀྱི་ལྷ་རྩེ་ནས་ཟམ་སྔོན་མོ། གླིང་བུའི་ཤ་ཟམ་དམར་མོ། མང་ཡུལ་གྱི་གསེར་ཟམ་སེར་པོ་བཅས་ལ་མངའ་མཛད་ཅེས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་བསྟན་རྩིས་གསལ་བའི་ཉིན་བྱེད་དུ་གསུངས། བཙུན་མོ་ཅོག་རོ་བཟའ་འབའ་རེ་ཁབ་ཏུ་བཞེས། རིགས་སྲས་འོད་ཟེར་ལྡེ་དང་། དྷརྨ་ཙཀྲ་གཉིས་འཁྲུངས། གུང་ཐང་སོགས་ཡུལ་གྲུ་རྣམས་བཟུང་། ཆབ་སྲིད་བསྐྱངས། སྨད་ཀྱི་ལྡེ་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་ཡིན།