2660
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ལྔ་པ་ཕྱི་ལོ་ ༡༣༠༠ ཙམ་ལ་ཁྲི་ཀའི་ཨར་ཀོང་ཀོའུ་བ་ཚང་དུ་འཁྲུངས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་ལ་ཐོགས་པ་མེད། རབ་ཏུ་བྱུང་ནས་ཚུལ་ཁྲིམས་མིག་འབྲས་ལྟར་བསྲུངས། ཏཱ་དབེན་གྱི་གཞོན་ནུ་སེང་གེ་བླ་མ་སོགས་བལ་བོད་གཉིས་ཀྱི་མཁས་གྲུབ་མང་པོ་བསྟེན། མདོ་སྔགས་ཡོངས་ལ་གསན་སྦྱོང་མཛད། མཁས་གྲུབ་ཀྱི་སྙན་གྲགས་ཆེ་བས་ཧོར་མོག་ཁག་གིས་བླ་དཔོན་མཛད་དགོས་པའི་རྒྱུ་མཚན་ཞུས་པས་ཞལ་བཞེས་གནང་། ཀོའུ་བ་དགོན་པ་གསར་འདེབས་བྱས། རྗེ་བཙུན་བློ་བཟང་གྲགས་པ་དགུང་ལོ་བདུན་གྱི་སྟེང་། ཆོས་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་དང་། ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་བ་དང་དགེ་ཚུལ་གྱི་སྡོམ་པ་སྩལ། ཆོས་རྗེ་དོན་གྲུབ་རིན་ཆེན་ཀོའུ་བ་དགོན་དུ་གདན་དྲངས། བཀའ་ཆོས་མང་དུ་གསུངས་ནས་ཆོས་ཀྱི་བདུད་རྩི་མྱངས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བྱ་ཁྱུང་མཁན་རབས་དང་པོ་མཛད་དེ་སྐུ་འདས་རྗེས། ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་གདན་ས་བསྐྱངས། ཀོའུ་བ་དགོན་པ་བཏབ་པའི་དུས་ནི་ཕལ་ཆེར་བྱ་ཁྱུང་དགོན་པ་དང་འདྲ་བ་ཡིན། ཀོའུ་བ་རིན་པོ་ཆེ་ནི་ལོ་བའི་བྲག་དཀར་ནས་སྐུ་འཇའ་ལུས་ལ་བརྙེས་ཞེས་གྲགས། དེའི་སྤྲུལ་སྐུ་ཕྱི་མ་རིམ་བྱོན་རྣམས་ཀྱིས་དགོན་པ་དང་། ཧོར་མོག་ཁག་གཉིས་ཀྱི་བླ་དཔོན་སྦྲགས་མ་བྱས་ནས་ཆོས་སྲིད་གཉིས་ཀ་ལེགས་པར་བསྐྱངས། |