2661

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀོའུ་བ་དཀའ་བཅུ་ཆོས་ཀྱི་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་ལྕགས་ལུག་ཕྱི་ལོ་ ༡༥༧༡ ལོར་མདོ་སྨད་རྨ་ཀླུང་རྒྱུད་ཀྱི་སྐར་མ་ཐང་དུ་ཡབ་བསོད་ནམས་རིན་ཆེན་དང་། ཡུམ་པདྨ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པ་ནས་བཅུ་བདུན་གྱི་བར་དགོན་གསར་ཆོས་ཞུགས་བྱས། བླ་མ་གོང་མ་ལས་ཡིག་ཀློག་ནས་བཟུང་ཆོས་མང་དུ་གསན། དགོན་གསར་ཟེར་དོན་ནི་བླ་མ་ཆོས་ཀྱི་རྒྱལ་མཚན་གྱིས་འདུ་ཁང་རུང་ཁང་གསར་བཞེངས་མཛད་པས་དགོན་གསར་དུ་ཐོགས། བཅུ་བཞི་པར་རྒྱལ་བ་བསོད་ནམས་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་། བཅོ་བརྒྱད་པར་དབུས་སུ་ཕེབས། དགའ་ལྡན་དུ་ཁྲི་ཆེན་བྱམས་པ་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། སྒོམ་བདེ་ནམ་མཁའ་རྒྱལ་མཚན་དང། ཆུ་བཟང་བྱམས་པ་ལྷུན་གྲུབ། སེར་རབ་འབྱམས་པ་བརྩོན་འགྲུས་རྒྱ་མཚོ་རྣམས་རིམ་པར་བསྟེན། བསྡུས་གྲྭ་དང་། དབུ་ཕར། འདུལ་མཛོད་རྣམས་ལེགས་པར་གསན། ཉེར་དྲུག་པ་མེ་སྤྲེལ་ལོར་དགེ་བཤེས་གླིང་བསྲེའི་དམ་བཅའ་བཞག། དེའི་ཕྱི་ལོར་གཙང་བཀྲ་ཤིས་ལྷུན་པོར་ཕེབས། དཀྱིལ་ཁང་བ་སངས་རྒྱས་རྒྱ་མཚོར་བསྟེན་ནས་རྣམ་འགྲེལ་ལ་སྦྱངས། ངམ་རིང་དུ་གྲྭ་སྐོར་མཛད། ཉེར་བརྒྱད་པ་ས་ཁྱི་ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས། སྨད་རྒྱུད་དུ་ཆོས་རྗེ་རྣམ་རྒྱལ་དཔལ་བཟང་ལས་འདུས་པའི་བསྐྱེད་རྫོགས་སོགས་ཞིབ་ཏུ་གསན། འབྲས་སྤུངས་སྔགས་པ་སློབ་དཔོན་ནམ་མཁའ་བཟང་པོ་དང་། དགའ་ལྡན་ཁྲི་ཆེན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་སོགས་ཀྱི་དྲུང་ནས་གསང་སྔགས་ཀྱི་དབང་ཁྲིད་ལུང་མང་དུ་གསན། སོ་བཞི་པ་ཤིང་འབྲུག་ལོར་རང་ཡུལ་དུ་ཕེབས། ཞེ་བདུན་པ་མེ་སྦྲུལ་ ༡༤༡༦ ལོར་སྐུ་འབུམ་གྱི་ཁྲིར་བཞུགས། ལོ་བདུན་གྱི་རིང་འཆད་ཉན་དང་གཏོང་སྒོ་སོགས་གོང་འཕེལ་དུ་བསྐྱངས། ང་བཞི་བར་ཁྲི་བའི་ལས་འགན་ལས་དགོངས་པ་ཞུས། དགོན་གསར་རི་ཁྲོད་ལྷུན་གྲུབ་ཆོས་རྫོང་བཏབ། ཨན་ཆུང་གནམ་རྫོང་། རྒོད་པོ་རྫོང་། བྲག་དཀར་རི་ཁྲོད་སོགས་སུ་འགྲིམ་ནས་སྒྲུབ་པའི་བསྟན་པ་ཆེས་ཆེར་སྤེལ། རབ་བྱུང་བཅུ་གཅིག་པའི་ཤིང་ཕག་ཕྱི་ལོ་ ༡༦༣༥ ལོར་ཙོང་ཁའི་ཨ་རྩེ་ས་ཆར་སྐུ་གཤེགས། སྐུ་གདུང་མཆོད་རྟེན་ཀོའུ་དགོན་པར་བཞུགས། ཆོས་པ་རིན་པོ་ཆེ་དང་། ཤར་སྐལ་ལྡན་རྒྱ་མཚོ་སོགས་གདུལ་བྱ་མང་པོར་ཆོས་སྦྱིན་མཛད།

{{#arraymap:ཀོའུ་བ་དཀའ་བཅུ་ཆོས་ཀྱི་རྒྱ་མཚོ་

|; |@@@ | | }}