26616

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྡེ་དགོན་ (1)
Part of speech མིང་ཚིག
Definition མིང་གཞན་སྡུམ་ཤུལ་དགོན་དང་། གྲུབ་མཐའ་སྔ་འགྱུར་ཀཿཐོག་པ་ཡིན། ཕྱི་ལོ་ ༡༩༠༧ ལོར་བླ་མ་ཀརྨ་ཤེས་རབ་ཀྱིས་བཏབ། ༡༩༥༨ལོ་འདུ་ཁང་གཅིག་དང་གྲྭ་པ་བཞི་བཅུ་ཞེ་ལྔ་ཡོད་ལ། ཡར་ཀླུང་བསམ་གཏན་གླིང་འདི་ནི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་མཆིས་པའི་ནང་ཚན་ལས། ཕྱི་དར་རྙིང་མའི་གདན་ས་སྟེ་སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿདཔལ་གཉིས་ཞེས་ཡོངས་སུ་གྲགས་པ་ལས། རྒྱལ་བ་ཀཿཐོག་པའི་ཆོས་རྒྱུད་འཛིན་པའི་ཡན་ལག་གི་དགོན་སྡེ་ཞིག་ཡིན། ཚོགས་དུས་མཆོད་ཀྱི་རིམ་པ་ནི། ལོ་རེའི་རྟ་ཟླའི་ཚེས་༡༣ནས་བརྩམས་ཏེ་སྐུ་གསུམ་ཆོ་གའི་སྒྲུབ་མཆོད་དང་། ཐུགས་རྗེ་ཆེན་པོ་པད་དཀར་ཕྲེང་བའི་སྒྲུབ་པ་བདུན་ཕྲག་གཅིག་དང་། ས་ག་ཟླ་བའི་ཚེས་༡༣ཉིན་དབུ་བཙུགས་ཏེ་བདུད་འདུལ་ཕུར་པའི་སྒྲུབ་པ། གནས་བརྟན་ཕྱག་མཆོད་དང་། སྒྲོལ་མའི་མཎྜལ་འཚོགས་བཞིན་ཡོད། སྤྲེལ་ཟླའི་ཚེས་༢༥ཉིན་དབུ་བཟུང་། བདེ་ལྡན་ཞིང་དུ་སྐྱེ་བའི་རྒྱུ་བཞིའི་ཆོས་ཁྲིད་གནང་བཞིན་ཡོད།

{{#arraymap:དཔལ་སྡེ་དགོན་

|; |@@@ | | }}