26622

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་གསུང་རྟེན་ (1)
Part of speech མིང་ཚིག
Definition ཕྱི་ལོ་ ༡༩༥༩ རྗེས་སུ་ཡོད་པའི་བཞེངས་པའི་གསུང་རྟེན་སྐོར། རྒྱ་གར་གློག་སྤར་བཀའ་འགྱུར་ཚར་གསུམ། སྡེ་དགེའི་པར་མའི་བཀའ་འགྱུར་ཚར་ལྔ་། སྡེ་དགེའི་སྤར་མ་བསྟན་འགྱུར་ཚར་གསུམ། སྡེ་དགེའི་པར་མ་འབུམ་ཚར་གསུམ། བེེ་རོ་ཙ་ནའི་བཀའ་འབུམ་པོད་སུམ་ཅུ་སོ་གཉིས་ཚར་གཅིག། སྡེ་དགེའི་སྤར་མ་རྒྱུད་སྡེ་ཀུན་བཏུས་ཚར་གསུམ། སྡེ་དགེའི་པར་མ་སྒྲུབ་ཐབས་ཀུན་བཏུས་ཚར་བཞི། སྡེ་དགེའི་པར་མ་ལམ་འབྲས་ཚར་གཅིག། སྡེ་དགེའི་སྤར་མ་བརྒྱད་སྟོང་སུམ་བིད་ཚར་བཞི། བརྒྱད་སྟོང་དེབ་ཐུང་ཚར་གཅིག། བརྒྱད་སྟོང་ལྡེབ་རིང་ཅན་ཚར་གསུམ། སྡེ་དགེའི་པར་མ་ན་ནི་བཀའ་འབུམ་ཚར་གཉིས། སྡེ་དགེའི་སྤར་མ་ངོར་ཆེན་ཀུན་དགའ་བཟང་པོ་དང་དཀོན་མཆོག་ལྷུན་གྲུབ་གཉིས་ཀྱི་བཀའ་འབུམ་ཚར་རེ། ས་སྐྱའི་བཀའ་འབུམ་ཚར་གཅིག། མི་ཕམ་བཀའ་འབུམ་ཚར་གཉིས། ཞུ་ཆེན་བཀའ་འབུམ་ཚར་གཅིག། རྗེ་ཙོང་ཁ་པའི་བཀའ་འབུམ་ཚར་གཅིག། དྭགས་པོའི་བཀའ་འབུམ་ཚར་གསུམ། ཀོང་སྤྲུལ་བཀའ་འབུམ་རྒྱ་གར་གློག་སྤར་ཅན་ཚར་གཅིག། གདམས་ངག་མཛོད་གློག་སྤར་ཅན་ཚར་གཅིག། རིན་ཆེན་གཏེར་མཛོད་གློག་སྤར་ཅན་ཚར་གཅིག། ཤངས་ཆོས་རང་ལུགས་པོད་གསུམ་ཅན་ཚར་གཅིག ཤངས་པའི་གསེར་ཆོས་རྒྱ་གར་གློག་པར་པོད་ལྔ་ཅན་ཚར་གཅིག། སྡེ་དགེའི་པར་མ་འཇིགས་གླིང་བཀའ་འབུམ་ཚར་གཉིས། སྡེ་དགེེའི་པར་མ་ཀློང་ཆེན་མཛོད་བདུན། སྙིང་ཐིག་ཡ་བཞི། ངལ་གསོ་སྐོར་གསུམ་བཅས་སོ་སོ་ཚར་རེ། དེ་མིན་དུས་འགྱུར་སྔོན་ཡོད་པའི་དཔལ་སྤུངས་སྤར་གཞིའི་གསུང་རབ་ཕལ་ཆེར་དེང་སྐབས་རྒྱལ་ཁབ་དཔེ་མཛོད་ཁང་པེ་ཅིན་དཔེ་མཛོད་ཁང་དུ་བསྡུ་ཉར་བྱས་ཡོད་པའི་མ་དཔེ་ལས་བཤུས་པའི་གློག་རྡུལ་འཁོར་ལོ་གཅིག་ད་ལྟ་གདན་སར་ཡོད་པ་བཅས་སོ། །