26625

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་ཐུགས་རྟེན་ (1)
Part of speech མིང་ཚིག
Definition ཕྱི་ལོ་ ༡༩༥༩ རྗེས་སུ་གསར་བཞེངས་བྱས་པའི་གདན་ས་དཔལ་སྤུངས་ཀྱིས་ཐུགས་རྟེན་སྐོར། གསེར་གདུང་ལྷ་ཁང་དུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྐུ་གདུང་མཆོད་རྟེན་གསེར་ཟངས་ལས་གྲུབ་པ་ཐོག་རྩེགས་གཉིས་ཅན། དངུལ་བཀྲ་མ་དང། གཙོ་ཁང་སྦུག་ཏུ་རྒྱལ་བ་བྱམས་པའི་གཡས་སུ་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་སྐུ་གདུང་མཆོད་རྟེན་ཟངས་གསེར་ལས་གྲུབ་པ་ཐོག་ཚད་ཅན། རྩཱ་འདྲ་ཡངས་ཁྲོད་དུ་འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་གདུང་རྟེན་ཟངས་གསེར་ལས་གྲུབ་པ་ཐོག་ཚད་ཅན་བཞུགས། སྒྲུབ་སྡེ་འོག་མར་བཞུགས་པའི་སྒྲུབ་དཔོན་བླ་མ་ཡེ་ཤེས་འབྱུང་གནས་ཀྱི་གདུང་རྟེན་གསེར་ཟངས་ལས་གྲུབ་པ་མི་ཚད་ཅན་གཅིག། ཐང་བླ་ཚེ་དབང་གི་སློབ་མ་རྣམས་ཀྱི་གསར་དུ་བཞེངས་པའི་མཆོད་རྟེན་གཅིག་། རྒྱལ་ལུ་ཚེ་དབང་དགེ་ལེགས་ཀྱིས་བཞེངས་པའི་མཆོད་རྟེན་བརྒྱ་དང་བརྒྱད། གདན་སའི་ནུབ་ངོས་སུ་༧བྱམས་མགོན་བླ་མའི་བཀའ་དགོངས་ལྟར། དཔལ་སྤུངས་གདན་སའི་བླ་མ་ཨ་མཆོག་ནས་བཞེངས་པའི་ཨར་འདམ་ལས་གྲུབ་པའི་བདེ་བཤེགས་མཆོད་རྟེན་ཆ་བརྒྱད་ཐོག་ཚད་ཕྱེད་གསུམ་རེ་ཅན་བཞུགས། རྟེན་གསར་བཞེང་དེ་དག་གི་ནང་བཞུགས་ལ་བྱང་སེམས་འཕགས་ཀྱི་མཚན་དང། སངས་རྒྱས་བྱང་སེམས་ཀྱི་འཕེལ་གདུང། སྒྲུབ་བརྒྱུད་ཤིང་རྟ་ཆེན་བརྒྱད་ཀྱི་རྣམས་ཀྱི་དབུ་ཐོད་དང། དབུ་སྐྲ་ཚེམས། ན་བཟའ། གདུང་རུས་ཀྱི་ཆ་ཤས་བཅས་ཡོད།