26628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་དགོན་ལག་ (1)
Part of speech མིང་ཚིག
Definition འཇང་ཡུལ་དུ། མི་འགྱུར་དགོན། གཉན་དགོན། ཁྲ་འབུ་དགོན། ལྷ་ཤིས་དགོན། བཀྲ་ཤིས་ཆོས་འཕེལ་གླིང་། འོག་མིན་གླིང་། ཕུན་ཚོགས་གླིང་། འཇང་རི་སྨུག་པོ་དགོན། ཤཱཀ་ཐུབ་གླིང་སོགས་འཇང་དགོན་བཅུ་གསུམ་ཡོད་པར་གྲགས། རྒྱལ་རོང་དུ། ཁྲོ་ཆུ་ཤུ་བྷཾ་དགོན། ཁྲི་བཅུ་དགོན། གཟིགས་སྤྲོ་དགོན། རྣམ་རྒྱལ་དགོན། ལྷ་རྩེ་དགོན། འགུ་ལོག་ཕྱོགས་སུ། རྒྱུད་སྡེ་དགོན། འཛམ་ཐང་དགོན། གཡུ་ཐོག་དགོན། རྟག་བརྟན་དགོན། སྲས་མཁར་དགོན། མཚམས་ཁང་དགོན། འཕགས་ཡུལ་འབྲས་ལྗོངས་སུ་ཕོ་གདོང་དགོན། བོན་དགོན་ལ་ཡང་། བླ་ཁྲི་དགོན། ཞང་ངུས་གསས་གླིང་དགོན། གཟི་ཚ་སྡེ་དགུ་རབ་དབེན་དགོན། བྲག་རྭ་དགོན། སྣ་སྟེང་དགོན་སོགས་མང་དུ་ཡོད། དཔལ་སྤུངས་གདན་སའི་དགོན་ལག་བརྒྱ་དང་བརྒྱད་ཅུ་དགོན་ཕྲན་སྟོང་དང་རྩ་གཉིས། ཆོས་སྡེ་ཆེན་པོོ་བཅོ་བརྒྱད་ཅེས་ཡོངས་སུ་གྲགས།