26630

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་དབོན་རྒན་སྐུ་ཕྲེང་གཉིས་པ་ (1)
Part of speech མིང་ཚིག
Definition ཐེག་མཆོག་བསྟན་འཕེལ་ལམ་ངེས་དོན་བསྟན་འཕེལ་ནི། རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་ཕྱི་ལོ ༡༧༨༤ ལོར་འཁྲུངས། ཀརྨ་པ་བདུད་འདུལ་རྡོ་རྗེ། ཞྭ་དམར་ཆོས་གྲུབ་རྒྱ་མཚོ་གཉིས་ཀྱིས་དབོན་རྒན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ནས་དཔལ་སྤུངས་དགོན་དུ་ཁྲི་སྟོན་མཛད། ཀརྨ་པ་ཐེག་མཆོག་རྡོ་རྗེ། རྗེ་སི་ཏུ་པདྨ་ཉིན་བྱེད། འབེ་ལོ་ཚེ་དབང་ཀུན་ཁྱབ་སོགས་སྐྱེས་ཆེན་དུ་མ་བསྟེན་ནས་མཁས་པར་གྱུར། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཐུན་མིན་བཀའ་དྲིན་ཆེ་བའི་བླ་མར་བཀུར། ཕྱི་ལོ་ ༡༨༣༣ ལོར་སི་ཏུ་པདྨ་ཉིན་བྱེད་མཆོག་ལ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་གདན་ས་དཔལ་སྤུངས་ཀྱི་སྤྲུལ་སྐུ་ཞིག་ཏུ་ངོས་འཛིན་བདག་ཉར་དགོས་པའི་གསོལ་བ་ནན་དུ་བཏབ་པ་ལྟར་སི་ཏུ་གོང་མའི་སློབ་མ་ཀོང་པོ་བམ་སྟེང་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་གནང་བ་ནས་ཀོང་སྤྲུལ་ཞེས་པའི་མཚན་ཆགས། གསོ་བ་རིག་པའི་གནས་ཕལ་ཆེར་མཁྱེན་པས་སྡེ་དགེའི་རིལ་ནག་ཆེན་མོ་བསྡུ་སྦྱོར་གནང་བ་སོགས་མཛད་པ་མང་། མེ་བཙའ་གཏོང་ཐབས་སོགས་ཀྱི་བསྟན་བཅོས་ཐོར་བུ་མཛད་པའང་གྲགས། མཐར་ཕྱི་ལོ་ ༡༨༤༢ རབ་བྱུང་བཅུ་བཞི་པའི་ཆུ་སྟག་ལོར་ཞི་བར་གཤེགས་སོ། །