26631

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་དབོན་རྒན་སྐུ་ཕྲེང་གསུམ་པ་ (1)
Part of speech མིང་ཚིག
Definition བསམ་གཏན་བློ་གྲོས་ནི། ཕྱི་ལོ་ ༡༨༤༣ རབ་བྱུང་བཅུ་བཞི་པའི་ཆུ་ཡོས་ལོར་སྡེ་དགེའི་བློན་པོ་སྔོ་ན་ཚང་གི་སྲས་སུ་འཁྲུངས། སི་ཏུ་པདྨ་ཉིན་བྱེད་ཀྱིས་དབོན་རྒན་གོང་མའི་ཡང་སྲིད་དུ་ངོས་འཛིན་ནས་གསེར་ཁྲིར་མངའ་གསོལ། སི་ཏུ་པདྨ་ཉིན་བྱེད། ཀརྨ་པ་ཐེག་མཆོག་རྡོ་རྗེ། མཁྱེན་ཀོང་མཆོག་གསུམ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་མང་པོ་བསྟེན་པས་རྟོགས་པ་དོན་བརྒྱུད་དུ་འབྱོངས་བས་གྲུབ་ཐོབ་ཆེན་པོའི་མཚན་སྙན་རྒྱས། དཔལ་སྤུངས་དགོན་དུ་སློབ་པ་ཉན་བཤད་དང་འདུལ་བའི་སྡེ་དབྱར་གནས་རྒྱུན་འཛུགས་གསར་བསྐྲུན་གནང་པ་སོགས་འཁོར་ལོ་གསུམ་གྱི་བྱ་བ་མཐའ་ཡས། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་ཚོགས་བསྡུ་བའི་མཐུན་རྐྱེན་མཛད། རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེས་འབྲས་ལྗོངས་ཕྱོགས་ཀྱི་བཀའ་དགོན་ཁག་གི་བསྟན་བདག་ཏུ་མངའ་གསོལ། ས་སྐྱོང་སྡེ་དགེའི་དབུ་བླར་བཀུར་ཏེ་བུམ་སྒྲུབ་ཐེབས་རྩ་དཔེ་ཝར་ཆུ་ཉིན་སྲིབ་ཀྱི་ཆོས་གཞིས་སྡེ་དུད་མང་པོ་ཕུལ། ཀོང་པོ་དང་ཤོ་རྟ་ལྷོ་གསུམ་ཕྱོགས་སུ་དགོན་པ་བཅུ་གཉིས་བཏབ། གསུང་ཚོགས་ཀྱང་བརྗོད་དོན་ཕུན་སུམ་ཚོགས་པའི་གཏམ་ཚོགས་སོགས་ཡོད་པར་གྲགས། ཁོང་གི་ཞལ་སློབ་ནི། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། འཇམ་མགོན་དཔལ་ལྡན་མཁྱེན་བརྩེ་འོད་ཟེར། བེ་རི་མཁྱེན་བརྩེ་སོགས་མང་དུ་ཡོད། མཐར་དགུང་ལོ་གྱ་གཉིས་པ་ཕྱི་ལོ་ ༡༩༢༤ ལོར་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ལོར་ཞི་དབྱིངས་སུ་གཞོལ་ལོ། །