26632
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀརྨ་སྒྲུབ་བརྒྱུད་ངེས་དོན་བསྟན་འཛིན་ནི། ཕྱི་ལོ་ ༡༩༢༦ རབ་བྱུང་བཅོ་ལྔ་པའི་མེ་སྟག་ལོར་སྨན་ཤོད་དུ་སྡེ་དགེའི་མདུན་སྐོར་གནས་ར་ཚང་གི་ཁྱིམ་དུ་འཁྲུངས། སི་ཏུ་པདྨ་དབང་མཆོག་རྒྱལ་པོས་དབོན་རྒན་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་དང་སི་ཏུ་པདྨ་དབང་མཆོག་རྒྱལ་པོ། འཇམ་མགོན་ཀོང་སྤྲུལ་དཔལ་ལྡན་མཁྱེན་བརྩེ་འོད་ཟེར། འཇམ་དབྱངས་ཆོས་ཀྱི་བློ་གྲོས། གངས་དཀར་སྤྲུལ་སྐུ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེ། བེ་རི་མཁྱེན་བརྩེ། བླ་མ་ཀ་ལུ་སོགས་སྐྱེས་ཆེན་མང་པོ་བསྟེན་ནས་མཁས་པར་གྱུར། དུས་འགྱུར་སྐབས་འཕགས་ཡུལ་དུ་ཕེབས་ནས་འགྲོ་དོན་བསྐྱངས། མཐར་དགུང་ལོ་རེ་གཅིག་བཞེས་པ་ཕྱི་ལོ་ ༡༩༨༧ ལོར་རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོར་ནུབ་གླིང་དུ་གཤེགས་སོ། ། |