26634
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབང་གི་རྡོ་རྗེ་ནི། ཕྱི་ལོ་ ༡༧༥༣ རབ་བྱུང་བཅུ་གསུམ་པའི་ཆུ་བྱ་ལོར་འཇང་ས་ཐམ་རྒྱལ་པོའི་སྲས་སུ་འཁྲུངས། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་དབོན་ཀརྨ་བསམ་འཕེལ་གྱི་ཡང་སྲིད་དུ་ངོས་འཛིན། ཕྱི་ལོ་ ༡༧༦༧ རབ་བྱུང་བཅུ་གསུམ་པའི་མེ་ཕག་ལོར་དབོན་སྤྲུལ་དབང་གི་རྡོ་རྗེ་འཇང་པའི་གྲྭ་པ་མང་པོ་དང་བཅས་ཏེ་དཔལ་སྤུངས་གདན་སར་ཕེབས། རྗེ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། འབེ་ལོ་ཚེ་དབང་ཀུན་ཁྱབ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་སོགས་རིས་སུ་མ་མཆིས་པའི་དམ་པ་དུ་མར་བསྟེན་ནས་ཚུལ་དགུ་དམ་པའི་དཔལ་གྱིས་མངོན་པར་ཕྱུག་ཅིང་། གོང་ས་འཇམ་དཔལ་རྒྱ་མཚོའི་ཐུགས་ཀྱི་དྭངས་མར་གྱུར། དཔལ་སྤུངས་གདན་སར་ནཱ་རོ་ཆོས་དྲུག་གི་སྒྲུབ་གྲྭ་བསམ་གཏན་ཆོས་གླིང་རྟེན་དང་བརྟེན་པར་བཅས་པ་བཞེངས་པ་སོགས་དཔལ་སྤུངས་དགོན་དུ་རྟེན་གསུམ་མང་པོ་བཞེངས། ཕྱི་ལོ་ ༡༨༢༤ རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ལོར་གཤེགས་སོ། ། |