26635

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་དབོན་སྤྲུལ་སྐུ་ཕྲེང་གསུམ་པ་ (1)
Part of speech མིང་ཚིག
Definition སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ནི། ཕྱི་ལོ་ ༡༨༢༥ རབ་བྱུང་བཅུ་བཞི་པའི་ཤིང་བྱ་ལོར་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་བློན་ར་ཤག་དཔོན་ཚང་གི་སྲས་སུ་འཁྲུངས། སི་ཏུ་པདྨ་ཉིན་བྱེད་ཀྱིས་དབོན་སྤྲུལ་དབང་གི་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན། ཀོང་སྤྲུལ་བློ་གྲོས་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དིལ་ཡག་ཟླ་བཟང་སྤྲུལ་སྐུ་སོགས་བླ་མར་བསྟེན་ནས་མཁས་གྲུབ་གཉིས་ལྡན་གྱི་བླ་མར་གྱུར། ཕལ་ཆེར་ཕྱི་ལོ་ ༡༨༦༠ ལོར་ཡས་མན་ཙམ་ལ་སྐུ་གཤེགས་སོ། །