26637

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་ནཱ་རོའི་སྒྲུབ་སྡེ་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་བརྒྱད་པའི་མཇུག་ཏུ་བྱོན་པ་དབོན་སྤྲུལ་དབང་གི་རྡོ་རྗེའི་མཐུན་སྦྱོར་གྱིས་གསར་བཞེངས་མཛད། སི་ཏུ་པདྨ་ཉིན་བྱེད་དབང་པོས་བསམ་གཏན་ཆོས་གླིང་ཞེས་པའི་མཚན་གསོལ་ཞིང་། སྔོན་འགྲོའི་ཆོས་བཞི་ནས་བརྩམས་ཡི་དམ་ལྷའི་བསྙེན་ཚད། ཐབས་ལམ་ནཱ་རོ་ཆོས་དྲུག གྲོལ་ལམ་ཕྱག་རྒྱ་ཆེན་པོ་སོགས་ལ་ཉམས་ལེན་ལོ་གསུམ་ཕྱོགས་གསུམ་གྱི་སྲོལ་ཐོག་མར་བཙུགས། དེ་ནས་བཟུང་རྡོར་སློབ་བླ་མ་ལི་ཐང་ཀརྨ་ངེས་དོན་དང་། འཇམ་མགོན་བློ་གྲོས་མཐའ་ཡས་བཅས་སྒྲུབ་ཐེངས་ཁ་ཤས་དང་། དེ་ནས་བླ་རྒན་དོན་འགྲུབ་སྒྲུབ་ཐེངས་གཉིས། འབོ་གངས་དཀར་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེ་ལོ་གསུམ་ཕྱོགས་གསུམ་དུ་བཞུགས་པ་དང་དེ་རྗེས་སྒྲུབ་དཔོན་ཡང་མཛད། དུས་འགྱུར་གྱི་ལྷགས་རླུང་ཁྲོད་རེ་ཞིག་མཚམས་ཆད། ཕྱི་ལོ་༡༩༨༦ལོར་གདན་ས་དང་ལྷ་སྡེ་ཐུན་མོང་གིས་ཐུགས་ཁུར་བཟང་པོའི་འོག་བསྐྱར་དུ་གསར་བཞེངས་ལེགས་པར་གྲུབ་པ་ནས་བཟུང་ད་ལྟའི་བར་དུ་སྔར་རྒྱུན་བཞིན་ཉམས་བཞེས་ཐོག་སྒྲུབ་ཐེངས་བརྒྱད་བཞུགས་གྲུབ་ནས་རིས་མེད་ཀྱི་དགོན་སྡེ་མང་པོར་བླ་མ་བརྒྱ་ཕྲག་འགའ་ཤས་ཀྱིས་སྒྲུབ་བསྟན་ཉམས་ལེན་མཛད་བཞིན་པ་བཅས་སོ། །།