26638

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་ནི་གུའི་སྒྲུབ་སྡེ་ (1)
Part of speech མིང་ཚིག
Definition ཙཱ་འདྲ་རིན་ཆེན་བྲག་ནི། མདོ་ཁམས་སྡེ་དགེ་ས་ཁུལ་དུ་ཡོད་པའི་གནས་རི་ཞིག་ཡིན། རབ་བྱུང་བཅུ་བཞི་པའི་ཆུ་སྟག་ཕྱི་ལོ་ ༡༨༤༢ ལོར་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ལྷོ་གནས་མཆོག་ཙཱ་རི་དང་མཚན་ཉིད་མཚུངས་པས་ན་ཙཱ་འདྲ་ཞེས་མཚན་གསོལ་ཏེ་དེར་སྒྲུབ་ཁང་ཕྱག་བཏབ་པས་ཡོངས་གྲགས་སུ་ཙཱ་འདྲའི་ཡང་ཁྲོད་སྒྲུབ་སྡེ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ཞེས་མཚན་གསོལ། རྗེ་ཉིད་ཀྱང་དེར་བཞུགས་ཤིང་སྔགས་གསར་རྙིང་དང་བཀའ་གཏེར་སོགས་ཆོས་ཚུལ་དཔག་མེད་བསྡུ་སྒྲིག་མཛད། ཁྱད་པར་དུ་མཁས་གྲུབ་ཁྱུང་པོའི་གསེར་ཆོས་ལྔ་ཚན་གྱི་གདམས་ངག་ལག་ལེན་དང་བཅས་པ་ཉམས་ལེན་མཛད་སའི་སྒྲུབ་ཁང་ཞིག་ཡིན་པ་མ་ཟད། རྒྱལ་དབང་ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་དྲུང་ནས་གདམས་ངག་མཛོད་དང་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་། འཇམ་མགོན་རང་ཉིད་ཀྱི་བཀའ་འབུམ་ཡོངས་རྫོགས་ཀྱི་དབང་ལུང་། ནང་བརྟག་རྒྱུད་གསུམ་གྱི་བཤད་ཁྲིད་དང་ནཱ་རོ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཉམས་ཁྲིད་སོགས་ཀྱང་སྒྲུབ་གནས་འདི་ཉིད་དུ་གསན་བཞེས་མཛད། ཀརྨ་རང་བྱུང་ཀུན་ཁྱབ་བམ་ཡོངས་གྲགས་ཀ་ལུ་རིན་པོ་ཆེ་སྒྲུབ་ཁང་འདི་ཉིད་དུ་བཞུགས་ཤིང་སྒྲུབ་དཔོན་གྱི་ཐུགས་འགན་བཞེས། དེང་གི་ཆར་ཡང་སྒྲུབ་ཁང་བསྐྱར་གསོ་དང་འབྲེལ་ནི་གུ་ཆོས་དྲུག་སོགས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཉམས་བཞེས་སྔར་རྒྱུན་མུ་མཐུད་བཞིན་པའོ། །