26643
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རྒྱུས་ཡུན་རིང་ལྡན་པའི་སྐུ་རྟེན་བྱིན་ཆེན་ད་ཡོད་ན་གཤམ་གསལ། མར་མེ་མཛད། སྟོན་པ། ཐུབ་པ་དམ་ཚིག་གསུམ་བཀོད། སྒྲོལ་མ་གསུང་བྱོན། གཙུག་ཏོར་དྲི་མེད། རྡོ་སེམས། འཇམ་དབྱངས། སྤྱན་རས་གཟིགས། བྱང་སེམས་ཆོས་འཕགས། སྒྲོལ་མ་མེ་འཇིག། གནས་བརྟན་བྲག་རི་མ། ཕྱག་རྡོར། རྣམ་སྲས། ཛཾ་ནག། ཁྲོ་བོ་མི་གཡོ་བ། ཚེ་དཔག་མེད། རྒྱལ་བ་བྱམས་པ། གུ་རུ་རིན་པོ་ཆེ་སོགས་རྒྱ་དཀར་ནག་གི་ལི་རིགས་མི་འདྲ་བ་ལས་གྲུབ་པའི་ལི་མ་དང་གསེར་ཁྲོ་སྨན་འདམ་ཙནྡན་གཡུ་བཅས་ལས་གྲུབ་པའི་སྐུ་རྟེན་ཆེ་ཆུང་ཕྱག་མཚན་སོགས་འདྲ་མིན་དུ་མ་དང་། བྲིས་ཐང་ལ་ཡང་། བཀའ་བརྒྱུད་གསེར་ཕྲེང། སི་ཏུའི་སྐྱེས་རབས་ཏེ་དགེ་ལེགས་དུ་མ་ལྟར། གནས་བརྟན་བཅུ་དྲུག་བཅས་སི་ཏུ་པན་ཆེན་གྱིས་གསར་དུ་བསྐྲུན་པའི་ཐུན་མིན་ཕྱག་བྲིས། ཀ་རབས་བཅོ་ལྔ། ཉེས་སྲས་བརྒྱད། རིག་ལྡན་རྒྱལ་རབས། མགོན་ཐང་བཅུ་གསུམ། ཀཾ་ཚང་རང་ལུགས་ཀྱི་བླ་མ་ཡིད་དམ་ཆོས་སྐྱོང། ཟླ་བ་ཡར་ཚེས་ཞེས་པ་བཅས་སྒར་སྨད་གཉིས་ཀྱི་ལུགས་གཡས་འཁྱིལ། གནམ་ལྕག་ཕུར་པ། རོ་ཆས་འདྲ་མིན། འཆམ་ཆས་སྤུས་ནམ་ལྡན་པ་སོགས་གང་འཚམས་ཤིག་ལུས་ཡོད། |