26644

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་སྤུངས་སྤར་ཁང་དམ་ཆོས་བང་མཛོད་ (1)
Part of speech མིང་ཚིག
Definition དཔལ་སྤུངས་སྤར་ཁང་དམ་ཆོས་བང་མཛོད་ནི། སི་ཏུ་པདྨ་ཉིན་བྱེད་དབང་པོས་བོད་རབ་བྱུང་བཅུ་གསུམ་པའི་ནང་གསར་བཞེངས་མཛད་ཅིང་། སི་ཏུ་པདྨ་དབང་མཆོག་རྒྱལ་པོས་རྒྱ་བསྐྱེད་བཏང་། ནང་བཞུགས་ཤིང་སྤར་བཞུགས་གྲས་རགས་རིམ་ནི་ཕྱག་ཆེན་རྒྱ་གཞུང་པོད་གསུམ། བཀའ་བརྒྱུད་ཆོས་སྤྱོད་རབ་གསལ། ནང་བརྟགས་རྒྱུད་གསུམ། དཀྱིལ་ཆོག་ཆ་ཚང་། མཛོད་ཆེན་རྣམ་ལྔ། མི་བསྐྱོད་རྡོ་རྗེའི་གསུང་འབུམ། མདོ་སྔགས་གཞུང་ཆེན་བརྒྱད། མཁན་ཆེན་གཞན་དགའི་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ། ཕག་མོའི་རྣམ་བཤད། མ་ཅིག་རྣམ་བཤད། ཆགས་མེད་རི་ཆོས་རྒྱབ་ཆོས་ཐེམ་ཡོད་ཐེམ་མེད། ལམ་རིམ་ཡེ་ཤེས་སྙིང་པོའི་རྩ་འགྲེལ། དུས་འཁོར་རྒྱུད་བཤད་རྩ་འགྲེལ། མདོ་རྒྱ་ཆེར་རོལ་པ་སོགས་ཤིང་སྤར་ལྡེབ་གྲངས་ཆིག་འབུམ་ཉིས་ཁྲི་ལྷག་བཞུགས། དུས་འགྱུར་སྐབས་ཕལ་ཆེར་རྩ་བརླགས་ཕྱིན་ཀྱང་། ད་ལྟ་འཚོ་བཞིན་བཞུགས་པའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་གི་ཐུགས་བསྐྱེད་འོག་སྤར་ཁང་གསར་བཞེངས་དང་། མཛོད་ཆེན་རྣམ་ལྔ་གཙོས་འཐོར་བརླགས་ཕྱིན་པ་ཐམས་ཅད་སླར་གསོ་ཐོག་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྤར་དུ་གསར་བཞེངས་མཛད་བཞིན་པ་ལགས།