26729

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔེ་ (1)
Part of speech མིང་ཚིག
Definition རིང་ཐུང་དང་ཆེ་ཆུང་། ཡག་བཙོག་སོགས་མཚོན་བྱེད་ཀྱི་རི་མོ་དང་གཟུགས་དབྱིབས་སོགས་ཏེ།
Example སྨན་གྱི་དཔེ་རིས། དཔེ་མཚོན་གསལ་ཤོས། མཛེས་མའི་དཔེ་ལ་མེ་ཏོག་བཞག་ལྟ་བུ།
དཔེ་ (2)
Part of speech མིང་ཚིག
Definition མཚོན་བྱེད་དེ།
Example གཞན་ལ་མིག་དཔེ་སྟོན། རང་དཔེ་གཞན་ལ་སྟོན་ལྟ་བུ།
དཔེ་ (3)
Part of speech མིང་ཚིག
Definition སྔར་གྱི་གོམས་སྲོལ་དང་བཤད་སྲོལ་ཏེ།
Example དཔེ་སྲིད་དོགས་མེད། དཔེ་ངན་འདི་འདྲ་ནམ་དར་བ་རེད། དཔེ་བཟང་རྒྱུན་འཛིན་བྱ་དགོས་ལྟ་བུ།
དཔེ་ (4)
Part of speech མིང་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་གཉིས་པའི་བཅུ་གཅིག་པ་འདྲ་བའི་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example རྒྱལ་དབང་ལྔ་པས། ཕྱག་སོར་རྩེ་ན་འདམ་སྐྱེས་གཡུར་ཟ་བའི། །དཔེ་རུ་འཁྲི་ཤིང་ཡལ་གར་མེ་ཏོག་ལྡེམ། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག