From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཔེ་ཁང་ (1)
| Part of speech
|
མིང་ཚིག
|
| Definition
|
ཀློག་པ་དང་་གཡར་བའི་ཆེད་དུ། དཔེ་ཆ་དང་དཔེ་དེབ་སྣ་ཚོགས་ཡོད་སའི་ཁང་པ།
|
| Example
|
ཁ་སང་སྔ་དྲོ་དཔེ་ཁང་ནས་དེབ་ཆ་བཀླགས་པ་ཡིན། དཔེ་ཁང་ནས་དེབ་ཁ་ཤས་གཡར་དགོས།
|
དཔེ་ཁང་ (2)
| Part of speech
|
མིང་ཚིག
|
| Definition
|
དཔེ་དེབ་སྣ་ཚོགས་བཙོང་སའི་ཁང་པ།
|
| Example
|
ཁོང་གིས་དཔེ་ཁང་ནས་དཔེ་ཆ་མང་པོ་ཉོས་འདུག རྒྱལ་ས་ལྷ་སའི་དཔེ་ཁང་ལྟ་བུ།
|
དཔེ་ཁང་ (3)
| Part of speech
|
མིང་ཚིག
|
| Definition
|
དཔེ་ཆ་སྣ་ཚོགས་ཡོད་པའི་དཔེ་ཆ་ལྟ་ཀློག་བྱ་སའི་མི་སྒེར་གྱི་ཁང་པ།
|
དཔེ་ཁང་ (4)
| Part of speech
|
མིང་ཚིག
|
| Definition
|
དཔེ་སྐྲུན་ཁང་གི་བསྡུས་ཚིག
|
| Example
|
དེབ་དེ་དཔེ་ཁང་གང་ནས་བཀྲམ་པ་རེད། དེབ་པར་བསྐྲུན་བྱ་ས་དཔེ་ཁང་གང་ཡག་པོ་ཡོད་དམ་ལྟ་བུ།
|