26758

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔེ་དོན་མཆོག་དམན་གྱི་སྐྱོན་ (1)
Part of speech མིང་ཚིག
Definition སྙན་ངག་རྩོམ་པའི་སྐབས། དཔེ་ཡོན་ཏན་ལྷག་པ་ཞིག། དཔེ་ཅན་ཧ་ཅང་དམན་པ་ཞིག་ལ་བཀོད་ན། དཔེ་དོན་མཆོག་དམན་གྱི་ཁྱད་པར་ཤོར་བའི་དབང་གིས། ཚིག་སྦྱོར་མི་མཛེས་ཤིང་དོན་ལ་མི་འབྱོར་བ་ཡིན།
Example རྩ་བར། ཁྱི་བཞིན་དཔའ་བོ་རྗེ་ལ་གུས། །ཞེས་དཔེ་དམན་པ་ཞིག་གིས་དོན་ལྷག་པ་འཇལ་བ་དང་། ཉི་མ་བཞིན་དུ་མེ་ཁྱེར་གསལ། །ཞེས་དཔེ་ཤིན་ཏུ་ལྷག་པ་ཉི་མས། དཔེ་ཅན་ཤིན་ཏུ་དམན་པ་སྲིན་བུ་མེ་ཁྱེར་གྱི་འོད་འཇལ་བ་ལྟ་བུ་ལ་དཔེ་དོན་མཆོག་དམན་ཡོད་པའི་སྐྱོན་ཡོད་དོ། །
Domain རྩོམ་རིག