26770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔེ་བྱད་བཟང་པོ་བརྒྱད་ཅུ་ (1)
Part of speech མིང་ཚིག
Definition མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ། ༡ སེན་མོ་མཐོ་བ། ༢ སེན་མོ་ཟངས་ཀྱི་མདོག་ལྟ་བུ། ༣ སེན་མོ་མདོག་སྣུམ་པ། ༤ སོར་མོ་རྣམས་ཟླུམ་པ། ༥ སོར་མོ་རྣམས་རྒྱས་པ། ༦ སོར་མོ་བྱིན་གྱིས་ཕབ་པ། ༧ རྩ་མི་མངོན་པ། ༨ ལོང་བུ་མི་མངོན་པ། ༩ ཚིགས་མི་མངོན་པ། ༡༠ ཞབས་མཉམ་ཞིང་མི་མཉམ་པ་མ་མཆིས་པ། ༡༡ ཞབས་ཀྱི་རྟིང་པ་ཡངས་པ། ༡༢ ཕྱག་གི་རི་མོ་མཚུངས་པ་དང་ལྡན་ཞིང་ཕྱག་གི་རི་མོ་མདངས་ཡོད་པ། ༡༣ ཕྱག་གི་རི་མོ་ཟབ་པ། ༡༤ ཕྱག་གི་རི་མོ་ཡ་ཡོར་མ་གྱུར་པ། ༡༥ ཕྱག་གི་རི་མོ་རིམ་པར་འཚམ་པ། ༡༦ མཆུ་སྒྲོས་བིམ་པ་ལྟར་དམར་པ། ༡༧ སྒྲ་མི་དྲག་པའི་ཚིག ༡༨ ལྗགས་མཉེན་ཞིང་འཇམ་ལ་ཟངས་ཀྱི་མདོག་ལྟར་འདུག་པ། ༡༩ གླང་པོ་ཆེའི་ང་རོ། ༢༠ འབྲུག་གི་སྒྲ་དང་ལྡན་པ། ༢༡ སྙན་ཞིང་འཇམ་པ་དང་ལྡན་པ། ༢༢ ཕྱག་རིང་བ། ༢༣ སྐུའི་ན་བཟའ་གཙང་མ་ཕུན་སུམ་ཚོགས་པ། ༢༤ སྐུ་འཇམ་པ། ༢༥ བསྙེངས་པ་མི་མངའ་བའི་སྐུ། ༢༦ ཞུམ་པ་མི་མངའ་བའི་སྐུ། ༢༧ རིམ་པར་འཚམ་པའི་སྐུ། ༢༨ ཤིན་ཏུ་དཔའ་བར་མཛེས་པའི་སྐུ། ༢༩ རྣམ་པར་ལེགས་པར་གྲུབ་པའི་སྐུ། ༣༠ པུས་མོའི་ལྷ་ང་ཡངས་ཤིང་རྒྱ་ཆེ་ལ་ཤིན་ཏུ་གང་པ་དང་ལྡན་པ། ༣༡ སྐུ་ཟླུམ་པ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་འཇམ་པ། ༣༢ སྐུ་ཡ་ཡོ་མ་མཆིས་པ། ༣༣ སྐུ་རིམ་གྱིས་ལེགས་པར་གྲུབ་པ། ༣༤ ལྟེ་བ་ཟབ་པ། ༣༥ ལྟེ་བ་མ་ཡོ་བ། ༣༦ ལྟེ་བ་རིམ་གྱིས་གཞོལ་བ། ༣༧ དྲང་སྲོང་ལྟར་གཙང་སྤྲས་སྤྱོད་པ། ༣༨ ཀུན་ནས་མཛེས་པ། ༣༩ སྣང་བ་དམ་པ་ཤིན་ཏུ་རྣམ་པར་དག་ཅིང་རབ་རིབ་མ་མཆིས་པའི་འོད་ཀུན་ནས་འབྱུང་བ་དང་ལྡན་པ། ༤༠ གླང་པོ་ལྟར་དལ་བའི་འགྲོས། ༤༡ སེངྒེའི་སྟབས་ལྟ་བུའི་འགྲོས། ༤༢ ཁྱུ་མཆོག་གི་སྟབས་ལྟ་བུའི་འགྲོས། ༤༣ ངང་པའི་སྟབས་ལྟ་བུའི་འགྲོས། ༤༤ གཡས་ཕྱོགས་སུ་མཛེས་པར་འཁོར་བའི་འགྲོས། ༤༥ དཀུ་ཟླུམ་པ། ༤༦ དཀུ་སྐབས་ཕྱིན་པ། ༤༧ དཀུ་མ་རྙོངས་པ། ༤༨ རྐེད་པ་གཞུའི་འཆང་བཟུང་ལྟར་ཕྲ་བ། ༤༩ མདོག་གི་ཉེས་པ་སྔོ་བའམ། ནག་པའི་སྐྱོན་དང་བྲལ་བའི་སྐུ་དང་ལྡན་པ། ༥༠ མཆེ་བ་ཟླུམ་པ། ༥༡ མཆེ་བ་རྣོ་བ། ༥༢ མཆེ་བ་བྱིན་གྱིས་ཕྲ་བ། ༥༣ ཤངས་ལེགས་པར་མཐོ་བ། ༥༤ སྤྱན་གསལ་བ། ༥༥ སྤྱན་དྲི་མ་མེད་པ། ༥༦ འཛུམ་པའི་སྤྱན་དང་ལྡན་པ། ༥༧ སྤྱན་རིང་བ། ༥༨ སྤྱན་ཡངས་པ། ༥༩ ཨུཏྤལ་སྔོན་པོ་ལྟ་བུའི་སྤྱན་དང་ལྡན་པ། ༦༠ སྨིན་མའི་སྤུ་མཉམ་པ། ༦༡ སྨིན་མ་སྟུག་པ། ༦༢ སྨིན་མ་ནག་པ། ༦༣ སྨིན་མ་རྒྱུན་ཆགས་པ། ༦༤ སྨིན་མ་རིམ་གྱིས་གཞོལ་བ། ༦༥ མཁུར་བ་རྒྱས་པ། ༦༦ མཁུར་བ་མི་མཉམ་པ་མེད་པ། ༦༧ འཁུར་བ་སྐྱོན་དང་བྲལ་བ། ༦༨ སྡང་བ་དང་ཁྲོ་བའི་མདོག་མེད་པ། ༦༩ ཤིན་ཏུ་རིག་པའི་དབང་པོ་དང་ལྡན་པ། ༧༠ མཛོད་སྤུ་ཡོངས་སུ་རྫོགས་པ་དང་ལྡན་པ། ༧༡ གདོང་དང་དཔྲལ་བ་རྐྱེན་དུ་འབབ་པ། ༧༢ དབུ་ཡོངས་སུ་རྒྱས་པ། ༧༣ དབུ་སྐྲ་ནག་པ། ༧༤ དབུ་སྐྲ་མཉམ་པ། ༧༥ དབུ་སྐྲ་དྲི་ཞིམ་པ། ༧༦ དབུ་སྐྲ་མི་གཤོར་བ། ༧༧ དབུ་སྐྲ་མི་འཛིང་པ། ༧༨ དབུ་སྐྲ་བྱིན་གྱིས་ཕྲ་བ། ༧༩ དབུ་སྐྲ་ལྕང་ལོར་འཁྲིལ་པ་དང་ལྡན་པ། ༨༠ དབུ་སྐྲ་དཔལ་གྱི་བེའུ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བ་དང་། སྡོང་རིས་ཀྱི་དབྱིབས་ལྟ་བུའི་དབུ་སྐྲ་དང་ལྡན་པའོ། །
Domain ཆོས་ལུགས།