26795
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་འོག་མིན་དུ་རྫོགས་སྐུ་གཤེན་ལྷའི་དྲུང་ནས་གསང་སྔགས་ཀྱི་བོན་སྡེ་རྣམས་རྫོགས་པར་མནོས་ཤིང་། འགྲོ་དྲུག་སེམས་ཅན་དྭངས་པ་འདྲེན་པའི་ཐབས་སུ་གཡུ་བྱ་ཁུ་བྱུག་གཅིག་ཏུ་སྤྲུལ་ཏེ། སླར་རྩ་གསུམ་ལྷ་གནས་སུ་ཤིང་ཡོངས་འདུས་ས་བརྟོལ་གྱི་རྩེ་ལ་བབས་ཏེ་གཡུང་དྲུང་བོན་སྒྲ་འབྱིན་པའི་སྐབས་སུ། དཔེ་དོན་རྟགས་གསུམ་གྱི་ཁུ་བྱུག་དང་སྤྲུལ་པའི་ཁུ་བྱུག་དང་བཞི་རུ་གསུངས་པའི་ནང་ཚན་གྱི་དཔེ་ཡི་ཁུ་བྱུག་སྟེ། དོན་དུ་ནམ་མཁའི་དབྱིངས་དག་པ་ལ་གོ་དགོས་པར་གསུངས་སོ། །དེ་ལྟར་སྟོན་པའི་སྤྲུལ་པ་དང་བསྟན་པའི་བོན་དེ་དག་ཁུ་བྱུག་དང་འབྲེལ་ཞིང་གསུངས་པའི་དོན་གང་ཡིན་སྙམ་ན། སེམས་ཅན་རྣམས་ཀྱིས་ཁུ་བྱུག་དང་དེས་གསུང་སྙན་སྒྲོགས་ཙམ་ན་སྤྲོ་ཞིང་དྭངས་པ་བཞིན། བསྟན་པའི་བོན་དང་སྟོན་པ་ལ་ཡང་དད་ཅིང་མོས་པའི་རྟེན་འབྲེལ་གྱི་བརྡ་ཐབས་སུ་མཛད་པར་མངོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སྲིད་པ་ལྷ་ཡི་གསུང་དབྱངས་འདི། ཐབས་ཀྱི་སྙན་ཁུང་བརྒྱུད་པ་སྟེ། མི་གསང་གསང་བའི་མཆོག་འདི་(ནི)། གསང་བར་འོས་ཤིང་གཉེར་གཏད་པ། བརྡ་དང་ཐབས་ཀྱི་བསྟན་པ་ན། བརྒྱ་ལམ་ན་ཡང་ལན་འགའ་རུ། ཐོས་པས་བཀའ་ཡང་གོ་བ་སླ། ཁུ་བྱུག་གསུང་སྙན་སྒྲོག་ཙམ་ན། འགྲོ་དྲུག་སེམས་ཅན་དྭངས་རེ་སྤྲོ། ཞེས་སོགས་གསུངས་པས་སོ། ། |
| Domain | ཆོས་ལུགས། |