26806
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྡོག་པ་ཅན་གྱི་རྒྱན་གྱི་ནང་གསེས་བདུན་པ་སྟེ། དོན་ལ་ཡོད་ཅིང་དཔེ་ལ་མེད་པའི་ཁྱད་ཆོས་འགའ་ཞིག་དངོས་སུ་བརྗོད་ནས། དེ་གཉིས་སོ་སོར་དབྱེ་བ་འབྱེད་པའི་ཤུགས་ལས་དཔེ་དོན་གཉིས་ཁྱད་ཆོས་གཞན་དག་གི་སྒོ་ནས་མཚུངས་པར་གོ་ནུས་པའི་རྒྱན་ཞིག |
| Example | བོད་མཁས་པས། རི་བོང་ཅན་ལ་འཛུམ་པའི་མཆུ་སྒྲོས་དང་། །རྣམ་བཀྲའི་མིག་ཟུར་གཡོ་བས་མཚན་པ་མེད། ། དབྱངས་ཀྱི་རྒྱལ་མོའི་ཞལ་གྱི་དཀྱིལ་འཁོར་ནི། །མཛེས་པའི་ཁྱད་ཆོས་དེ་དག་རྣམས་ཀྱིས་བརྒྱན། ལྟ་བུ། |
| Domain | རྩོམ་རིག |