26808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔེ་ལྟར་སྣང་ (1)
Part of speech མིང་ཚིག
Definition དཔེ་དོན་གཉིས་མི་འབྱོར་བའམ་མི་མཚུངས་པའི་དོན།
Example དཔེ་ལྟར་སྣང་གིས་དོན་མི་རྟོགས། མིག་ཞ་ར་ཡིས་ལམ་མི་རིག
དཔེ་ལྟར་སྣང་ (2)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དཔེ་ལྟར་སྣང་གི་མཚན་ཉིད། བསྒྲུབ་བྱ་ངེས་པའི་སྔོན་དུ་ཁྱབ་པ་ངེས་པའི་གཞིར་གཟུང་ཞིང༌། ངེས་པར་མི་ནུས་པ། དབྱེ་ན། མཐུན་དཔེ་ལྟར་སྣང་དང། མི་མཐུན་དཔེ་ལྟར་སྣང་གཉིས། ཞེས་གསུངས།
Domain ཚད་མ།