26822

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔེན་པ་ (1)
Part of speech མིང་ཚིག
Definition ཡུལ་ཡིད་དུ་འོང་བ་དང་ཕངས་སེམས་དང་མཁོ་བའི་དོན་ཏེ། བརྡ་སྦྱོར་རིན་ཆེན་གཏེར་ཁྱིམ་ལས་དཔེན་པ་ནི་ཡུལ་ཡིད་དུ་འོད་བ་དང༌། ཕངས་སེམས་དང་མཁོ་ཆ་དྲག་པོ་ལའང༌ཞེས་གསུངས།
Type བརྡ་རྙིང་།
དཔེན་པ་ (2)
Part of speech མིང་ཚིག
Definition ཕངས་སེམས་ཆེ་བའི་ནོར་རྫས་ཀྱི་མིང་སྟེ། བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ་ལས། དཔེན་ནི་ཤིན་ཏུ་ཕངས་སེམས་ཆེ་བའི་ནོར་རྫས། དམར་བའི་དཔེན་ཞེས་པ་ལྟ་བུ། ཞེས་གསུངས།
དཔེན་པ་ (3)
Part of speech མིང་ཚིག
Definition གུས་པའི་དོན་ལ་གོ་བར་བཤད།