26824
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙཱ བ་བན་དེ་ཚུལ་ཁྲིམས་ཡོན་ཏན་གྱིས་བསྒྱུར་ཅིང། དགེ་སློང་རིན་ཆེན་བཟང་པོས་བཅོས་ནས་ཞུས་ཏེ་གཏན་ལ་ཕབ། འདི་ནི་སངས་རྒྱས་ཀྱི་ཡོན་ཏན་ཐོས་པའི་ཕན་ཡོན་སྟོན་པ་དཔེའི་ཕྲེང་བ་ལས་སངས་རྒྱས་མཆོག་གི་དཔེ་ཡིན། ཆོས་ཚན་འདིའི་འཕྲོར་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་དཀོན་མཆོག་མཆོད་པའི་ཕན་ཡོན་བསྟན་པ་ཞེས་པའི་ཆོས་ཚན་ཞིག་འཁོད་ལ་དེ་བསྟན་འགྱུར་ཁྲོད་དུ་མི་བཞུགས་ལ་སྡེ་དཀར་དུའང་མ་བྱུང་ཞེས་མཆན་འཁོད། བསྟན་འགྱུར་སྤྲིང་ཡིག་ང་པར་བཞུགས། |