26825

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔེའི་འབྲས་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རྒྱུ་འབྲས་སམ་ཐར་ལམ་ཀྱི་རྒྱུ་འབྲས་མཚོན་པར་བྱེད་པའི་འཇིག་རྟེན་ན་གྲགས་པའི་འབྲས་རྟགས་དེར་དཔེའི་འབྲས་རྟགས་ཞེས་བྱ་སྟེ། འཇིག་རྟེན་ན་གྲགས་པའི་འབྲས་བུ་དུ་བའི་རྟགས་ལས། རང་གི་རྒྱུ་མེ་དཔོག་པ་ན་དེ་གཉིས་མེད་ན་མི་འབྱུང་གི་འབྲེལ་བ་ངེས་དགོས་པས། དེས་ན་འབྲས་བུ་དུ་བ་དེ་ཡོད་ན་མེ་ཡོད་དགོས་པ་དེ་བཞིན་དུ། གནས་ལུགས་ཀྱི་དོན་བསྟན་པ་ན་ལུས་ཀྱི་བ་སྤུ་ལྡང་བ་དང་མིག་ནས་མཆི་མ་འཁྲུགས་པ་ལ་སོགས་པ་ནི་གནས་ལུགས་སམ་སྟོང་ཉིད་ཀྱི་ཡོན་ཏན་མཐོང་བའི་ཤེས་རབ་ཀྱི་འབྲས་བུ་ཡིན་པས། དེ་འདྲའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་དེ་ཡོད་ན། དེ་འདྲའི་ཤེས་རབ་ཁྱད་པར་ཅན་ཡོད་པར་དཔོག་ལྟ་བུའོ། །དཔེའི་འབྲས་རྟགས་དེ་ལ་གཉིས་ཡོད་དེ། དུ་ལྡན་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པའི་རྟགས་དང་། ཁྱད་པར་གསུམ་ལྡན་གྱི་ཤར་ཕྱོགས་ན་ཆོས་ཅན། ཆུ་ཡོད་དེ། ཆུ་བྱ་ཡུན་རིང་དུ་ལྡིང་བའི་ཕྱིར་ཞེས་པའི་རྟགས་འདི་གཉིས་ཡིན་ཏེ། དགའ་བྱང་རྟགས་རིགས་ཟུར་རྒྱན་བློ་གསལ་གཞོན་ནུའི་ཡིད་འཕྲོག་དགའ་སྟེར་ལས། དཔེའི་འབྲས་རྟགས་ཡང་དག་གཉིས་དང། དོན་གྱི་འབྲས་རྟགས་ཡང་དག་གཉིས་ཏེ་བཞིར་ཡང་ཡོད་དེ། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེ་ཤེས་དང། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་གསུངས་པའི་ཕྱིར། དཔེའི་འབྲས་རྟགས་ཡང་དག་ལ་གཉིས་ཡོད་དེ། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དཔེའི་འབྲས་རྟགས་ཡང་དག་དང་། ཆུ་བྱ་ཡུན་རིང་དུ་ལྡིང་བ་དེ། ཁྱད་པར་གསུམ་ལྡན་གྱི་ཤར་ཕྱོགས་སུ་ཆུ་ཡོད་པར་སྒྲུབ་པའི་དཔེའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། (མཆན) མེས་བུད་ཤིང་སྲེག་པ་དང་དུ་བ་འཐིབ་པ་དེ་བཞིན་དུ། གནས་ལུགས་ཀྱི་དོན་མཐོང་བའི་ཤེས་རབ་ཀྱིས་བདག་འཛིན་གྱི་བུད་ཤིང་སྲེག་པ་དང། དེའི་གཏམ་ཐོས་པ་ཙམ་གྱིས་ལུས་སེམས་ལ་དགའ་བདེས་ཁྱབ་པས་མིག་ནས་མཆི་མ་འཁྲུགས་པ་དང་ལུས་ཀྱི་བ་སྤུ་ལྡང་ངོ་། །ཞེས་ཆོས་མཚུངས་སྦྱར་བའོ། །
Domain ཚད་མ།