26853
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་ཐེག་པ་ཆེན་པོའི་སྒོར་འཇུག་པ་ལ་ཕྱི་ནང་གི་འགལ་རྐྱེན་མི་མཐུན་ཕྱོགས་ཇི་སྙེད་ལས་མགོན་ཞིང་སྐྱོབས་པ་དང་དབང་ལུང་མན་ངག་ཐམས་ཅད་སྟོན་པར་མཛད་པའི་དུས་གསུམ་སངས་རྒྱས་ཀུན་གྱི་འབྱུང་གནས་དཔོན་གསས་བླ་མ་དམ་པ་གང་དག་བཙལ་ཅིང་ཉེ་བར་བསྟེན་པའི་དོན་ནོ། །དེ་ཡང་རྗེའི་ས་ལམ་གྱི་འགྲེལ་སོགས་ལས། དཔོན་ནི་མགོན་དུ་གྱུར་པ། གསས་ནི་མི་མཐུན་ཕྱོགས་འཇོམས་པར་བྱེད་པ། ལྷ་ནི་ཕན་ཞིང་བདེ་བར་བྱེད་པ་ཞེས་སོགས་ཀྱང་གསུངས་པས་མཐུན་ནོ། །དེ་ཡང་སྐབས་འདིར་མགོན་དུ་དཔོན་གསས་སུ་བསྙེན་བྱ་གང་དེ་དཔེ་དོན་རྟགས་གསུམ་དང་མཚན་ཉིད་བཞི་བཅས་དོན་ཚང་གི་སྒོ་ནས་བསྟན་པ་སྟེ། དཔེ་ནི། བོན་ཉིད་སྟོང་པ་ལ་བོན་ཅན་མཚན་མས་མཚོན་པར་བྱེད་པ་བཞིན། དོན་ནི། བོན་རྫོགས་སྤྲུལ་གསུམ་གྱི་ངོ་བོར་བཞུགས་པའི་སངས་རྒྱས་བསམ་གྱིས་མི་ཁྱབ་པ་ཉི་མ་དང་ཟེར་ལྟར་ཀུན་ལ་སྙོམས་པར་བྱོན་ཀྱང་དེ་དག་གི་གཙོ་བོའམ་ཞལ་ཚབ་ཏུ་དངོས་སུ་མདུན་ན་ཞལ་མཇལ་གསུང་ཐོས་བྱིན་རླབས་སོགས་གནང་བའི་བླ་མ་དམ་པ་གང་དག་དང་། རྟགས་ནི། གང་གི་ཐུགས་རྒྱུད་ན་མངའ་བའི་སྦྱངས་ཐོབ་ཀྱི་སྤངས་རྟོགས་དང་ཕྲིན་ལས་ཀྱི་ཁྱད་པར་སྟེ། མཐོང་བ་ལྔ་དང་། དོན་ཡོད་དྲུག ཐོབ་པ་བཅུ། མཚན་ཉིད་བཅུའམ་བཅུ་གཅིག་བཅས་བསྟན་པ་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། བསྐལ་པ་དུ་མའི་སངས་རྒྱས་ཀྱང། བླ་མ་དག་ལ་བསྟེན་ནས་བྱོན། དེའི་ཕྱིར་བླ་མ་གཙོ་རུ་འཛིན། དོན་ནི་ཡིད་བཞིན་ནོར་བུ་ལ། གང་གིས་སྨོན་ལམ་ཐེབས་པ་བཞིན། བླ་མ་དམ་པ་བསྟེན་བྱས་ནས། དགོས་འདོད་ཡོན་ཏན་ཤུགས་ལས་འབྱུང་། རྟགས་ནི་སྦྱངས་ལ་སྔོན་སོང་བས། ད་ལྟ་བཀུར་བའི་ཞིང་དུ་གྱུར། དེ་ཡང་རྟགས་ཀྱི་སྦྱངས་ཐོབ་ནི། མཐོང་བ་ལྔ་ལྡན་དོན་ཡོད་དྲུག ཚད་མེད་བཞི་ལྡན་ཐོབ་པ་བཅུ། ཐབས་ལ་བརྟེན་པས་རྒྱལ་རྟགས་གཅིག ཉི་ཤུ་རྩ་གཅིག་དོན་རྟགས་ལྡན། དེ་ལས་མཚན་ཉིད་བཅུས་བརྒྱན་ན། མཚན་ལྡན་བླ་མ་དམ་པ་ཞེས། དབང་ལུང་མན་ངག་འབྱུང་བའི་གནས། ཡོན་ཏན་སུམ་ཅུ་རྩ་གཅིག་ལ། ཐབས་ལྡན་ཐུགས་རྗེ་བཅུ་རུ་སྤྲོས། འགྲོ་བའི་དེད་དཔོན་དེ་ཡིས་བྱེད། འཁོར་བ་བསྒྲོལ་བའི་གྲུ་གཟིངས་གྱིས། བདེ་ཆེན་ཕ་རོལ་ཕྱིན་པ་བསྙེགས། ཞེས་སོགས་གསུངས་པས་སོ། ། |
| Domain | ཆོས་ལུགས། |