26857
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་ལོ་མི་གསལ། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་ཧོར་རྒྱལ་པོ་གོ་དན་གྱིས་ལུང་དྲུག་སྡེ་བཞིར་གདན་དྲངས་ཁར་བླ་མ་འུ་ཡུག་པ་བསོད་ནམས་སེང་གེ་དང་། ཤར་པ་ཡེ་ཤེས་འབྱུང་གནས་མ་གཏོགས་བཤེས་གཉེན་ཐམས་ཅད་ལ་ཕྱག་འཚལ་དུ་བཅུག་ནས་ཤཱཀྱ་བཟང་པོ་ས་སྐྱར་གཞི་གནས་པ་ལ་བསྐོ་བཞག་མཛད། ཕྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་སུ་སེ་ཆེན་རྒྱལ་པོས་ཟམ་གླུ་གུན་མིན་དབང་ཧུའུ་གོ་གནས་དང་། ཤེལ་གྱི་ཐམ་ཁ་གནང་ནས་དབུས་གཙང་གི་དཔོན་ཆེན་དུ་བསྐོས། ཁང་གསར་ཆེན་མོ་བཏབ། ཡུལ་བདེ་ཞོལ་འཇགས་མཛད། རབ་བྱུང་བཞི་པའི་ཆུ་ཡོས་ཕྱི་ལོ་ ༡༢༤༣ ལོ་ནས་ལོ་ངོ་ཉེར་བརྒྱད་རིང་ས་སྐྱའི་དཔོན་ཆེན་གནང་། ལྷ་ཁང་ཆེན་མོའི་ལྕགས་རི་ཕྱི་ནང་བརྩིགས། རབ་བྱུང་བཞི་པའི་ཤིང་གླང་ཕྱི་ལོ ༡༢༦༥ ལོར་ས་སྐྱའི་ལྷ་ཁང་ཆེན་མོ་བཞེངས་པའི་འགོ་བཙུགས་ཀྱང་མཇུག་མ་བསྒྲིལ་བར་རབ་བྱུང་ལྔ་པའི་ལྕགས་རྟ་ཕྱི་ལོ་ ༡༢༧༠ ལོར་ས་སྐྱར་སྐུ་གཤེགས། ས་སྐྱ་པས་དུས་ལྟར་འདས་མཆོད་མཛད་སྲོལ་ཡོད། |