From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཔོན་བདུན་ (1)
| Part of speech
|
མིང་ཚིག
|
| Definition
|
ཡུལ་དཔོན་གྱི་ལས་སུ་ཡུལ་ཆུང་ཁྲིམས་ཀྱིས་འཚོ། དམག་དཔོན་གྱི་ལས་སུ་དགྲ་འདུལ། ཆིབས་དཔོན་གྱིས་གཤེགས་པའི་བཤུལ་མཚོན། རྔན་དཔོན་གྱིས་འབྲུ་དང་གསེར་དངུལ་གྱི་གཉེར་བྱེད་པ་ལ་རྔན་བགྲང་བ་མང་བས་རྔན་དཔོན་དུ་ཐོགས། ཁྲི་དཔོན་གྱིས་འབྲི་མཛོ་ཁྲུ་མའི་གཉེར་བྱེད། དྲང་དཔོན་གྱིས་ཞལ་ལྕེ་གཅོག་པའོ། །
|
| Domain
|
ལོ་རྒྱུས།
|
དཔོན་བདུན་ (2)
| Part of speech
|
མིང་ཚིག
|
| Definition
|
ཡུལ་དཔོན་གྱིས་ལས་ཐབས་ནི། ཡུལ་ཆུང་ཁྲིམས་ཀྱི་རྩ་བ་དང་། མཐོ་མཐོ་རྫི། དམའ་དམའ་སྐྱོང་བ་ལགས། དམག་དཔོན་གྱི་ལས་ཐབས་ནི། དགྲ་འཐབ་དང་། རྣོ་འགྱོགས་ཀྱིས་དགྲ་གནོན་པ་དང་། རང་ཡུལ་རྒྱས་པར་བྱེད་པ་ལགས། ཆིབས་དཔོན་གྱི་ལས་ཐབས་ནི། གཤེགས་ཡུལ་མཚོན་པ་ལགས། རྔན་དཔོན་གྱི་ལས་ཐབས་ནི། ནས་ལུག་གསེར་དངུལ་གྱི་ལས་བྱེད་པ་སྟེ། མགུ་བ་ཉུང་། རྔན་འདྲེན་པ་མང་བས་རྔན་དཔོན་ཞེས་པའོ། །སྡེ་དཔོན་གྱི་ལས་ཐབས་ནི། མི་སྡེའི་དཔོན་བྱེད་པའོ། །ཕྲུ་དཔོན་གྱི་ལས་ཐབས་ནི། འབྲོག་གི་འབྲི་མཛོ་རྟ་ལུག་ཕྲུ་མའི་གཉེར་བྱེད་པའོ། །དྲང་དཔོན་གྱི་ལས་ཐབས་ནི། ཞལ་ལྕེ་དྲང་པོར་གཅོད་པ་དང་། ཆོས་གྲྭའི་སློབ་དཔོན་གྱི་གཉེར་བྱེད་པའོ། །
|