26867

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔོན་ཚང་ཡེ་ཤེས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བདུན་པའི་དཀྱིལ་དུ་འབྲི་གུང་ཀ་ཚལ་དུ་འཁྲུངས། ཆུང་དུས་ནས་སྨན་རྫས་ལ་སྔོན་གྱི་བག་ཆགས་སད། ཉི་ཤུ་བ་ནས་དཔལ་ལྡན་རྒྱུད་བཞི་ཐུགས་འཛིན་གནང་། དཀོན་མཆོག་འགྲོ་ཕན་དབང་པོ་བསྟེན། གསོ་བ་རིག་པའི་རྒྱུད་སྡེ་རྣམ་བཞི་དང་། དམ་པ་གོང་མའི་མན་ངག་ཞལ་རྒྱུན་རྣམས་ལ་སྦྱངས། ལག་ལེན་གྱི་ཉམས་མྱོང་དང་སྦྲགས་ལོ་བཅུ་ཕྲག་རིང་ཐོས་བསམ་མཛད། སྐུ་ཚེ་གོང་བོར་གསོ་རིག་གི་བསྟན་པ་བསྐྱངས། འཆད་རྩོད་རྩོམ་གསུམ་གྱིས་དུས་འདས། སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ནི་སྒར་འོག་པའི་ཀརྨ་བསྟན་འཕེལ་ཡིན། གསུང་རྩོམ་ནི་གསོ་བའི་གདམས་པ་ཀུན་གྱི་ཡང་སྙིང་བསྡུས་པ་ཕན་བདེའི་ཆར་རྒྱུན་དང་། ཞལ་ཤེས་སྙིང་གི་ཁུ་བའི་རིམ་པ་ཅན་བདུད་རྩིའི་ཐིགས་པ་བཅས་བཞུགས།