From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཔྱང་ཐག་ (1)
| Part of speech
|
མིང་ཚིག
|
| Definition
|
སྟེང་ནས་ཐུར་བཏང་བའི་ཐག་པ།
|
| Example
|
དཔྱང་ཐག་ལ་འཇུས་ནས་བྲག་གཟར་ངོས་སུ་འགོས། དཔྱང་ཐག་སྐེར་བསྒྲོགས་ནས་ཤི་ལྟ་བུ།
|
དཔྱང་ཐག་ (2)
| Part of speech
|
མིང་ཚིག
|
| Definition
|
ཡིད་གཉིས་སམ་ཐེ་ཚོམ་གྱི་དོན།
|
| Example
|
གཞུང་དོན་ལ་དཔྱང་ཐག་མ་ཆོད། དཔྱང་ཐག་བཅད་ནས་སྐད་ཆ་ཤོད་ལྟ་བུ།
|
དཔྱང་ཐག་ (3)
| Part of speech
|
མིང་ཚིག
|
| Definition
|
འཕྱང་རྡང་སྟེ། དཀྱིལ་དུ་རྐུབ་བཙུགས་ནས་མདུན་རྒྱབ་ལ་འགུལ་སྐྱོད་བྱེད་པའི་རྩེད་ཆས་ཤིག
|
| Example
|
སློབ་ཕྲུག་ཁ་ཤས་དཔྱང་ཐག་ལ་འཇུས་ནས་རྩེ་བཞིན་འདུག དཔྱང་ཐག་ལག་པས་འཇུས་ནས་མདུན་རྒྱབ་ཏུ་འགུལ་དགོས་ལྟ་བུ།
|