From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཔྱད་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
རླུང་ཞི་བར་བྱེད་པའི་དཔྱད་ལ་ཏིལ་མར་ལ་སོགས་བསྐུ་མཉེ་བྱ་བ་དང༌། ཧོར་གྱི་མེ་བཙའ་བརྒྱབ་པ། མཁྲིས་པ་ཞི་བར་བྱེད་པའི་དཔྱད་ལ་རྔུལ་དབྱུང་བ་དང༌། གཏར་ཁ་བྱ་བ། ཆུ་ཡི་འཕྲུལ་འཁོར་བྱ་བ། བད་ཀན་ཞི་བར་བྱེད་པའི་དཔྱད་ལ་དུགས་བརྒྱབ་པ་དང༌། མེ་བཙའ་བཞག་པ་བཅས་གསུམ་མོ། །
|
| Domain
|
བཟོ་རིག
|
དཔྱད་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
དཔྱད་གསུམ་དག་པའི་བསྡུས་ཚིག མངོན་གྱུར་ལ་་མངོན་སུམ་གྱིས་མི་གནོད་པ། ལྐོག་གྱུར་ལ་རྗེས་དཔག་གིས་མི་གནོན་པ། ཤུན་ཏུ་ལྐོག་གྱུར་ལ་ལུང་རང་ལ་རང་ཚིག་གིས་མི་གནོན་པ་སྟེ་གསུམ།
|
| Domain
|
ཚད་མ།
|