26899

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔྱད་གསུམ་དག་པའི་ལུང་ (1)
Part of speech མིང་ཚིག
Definition པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ལུགས་ནི། རང་གི་ཞེན་དོན་ལ་མངོན་སུམ། དངོས་སྟོབས་རྗེས་དཔག། ཡིད་ཆེས་རྗེས་དཔག་ཁས་བླངས་སྔ་ཕྱི་འགལ་བ་རང་ཚིག་དངོས་ཤུགས་འགལ་བ་སོགས་ཀྱིས་གནོད་པ་མེད་པའི་སངས་རྒྱས་པའི་ལུང་། དཔྱད་གསུམ་དག་པའི་ལུང་གི་དོན་ལྡོག་ཡིན་ནོ། །གང་དཔྱད་གསུམ་དག་པའི་ལུང་ཡིན་ན། རང་གི་བསྟན་བྱའི་དོན་ལ་མི་སླུ་བས་ཁྱབ།
Example བདེན་བཞི་སྟོན་པའི་སངས་རྒྱས་ཀྱི་གསུང་བཞིན། ཚུལ་ཁྲིམས་བསྲུང་བས་ལྷར་སྐྱེ་བར་སྟོན་པའི་སངས་རྒྱས་ཀྱི་གསུང་བཞིན།
Domain ཚད་མ།