26931

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔྱལ་ཆོས་ཀྱི་བཟང་པོ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་སྨད་དུ་འཁྲུངས། ཆུང་དུས་ནས་བསྟན་པའི་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་བཞེས། འདུལ་གཞུང་སོགས་ལ་སློབ་གཉེར་མཛད། བལ་ཡུལ་དང་། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་རྡོ་རྗེའི་ཚིག་གི་སྙིང་པོ་འཐུས་པའི་དཀའ་འགྲེལ་དང་། བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། དཔལ་འཁོར་ལོ་སྡོམ་པའི་དབང་གི་བྱ་བའི་རིམ་པ། རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པ། རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། རུས་སྦལ་ཞབས་ཀྱི་སྒྲུབ་ཐབས། ཕག་མོ་ཐུགས་ཀྱི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་གྱི་རྒྱུད་ཀྱི་འགྲེལ་བ་བདུད་རྩི་མྱུ་གུ། གཤིན་རྗེ་གཤེད་དམར་མོའི་འཁོར་ལོའི་གསལ་བྱེད་བསྡུས་པ། གཤིན་རྗེ་གཤེད་དམར་མོའི་འཁོར་ལོའི་དེ་ཁོ་ན་ཉིད་ཀྱི་གསལ་བྱེད། སེང་གེ་སྒྲའི་སྒྲུབ་ཐབས་བཅས་བཞུགས།