26944
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ཕྱི་ལོ་ ༡༨༩༠ ལོར་མདོ་སྨད་རེབ་སྐོང་དཔྱི་སའི་གོང་ཤོར་ཚང་གི་རུས་སུ་འཁྲུངས། དྲུག་པར་ཁུ་བོ་ཧྲེ་ལི་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་ལོ་གཅིག་ལ་མཁྱེན། བརྒྱད་པར་དགེ་བསྙེན་གྱི་སྡོམ་པ་བཞེས། དཔྱི་སའི་བན་གྱའི་གྲྭ་རྒྱུན་དུ་ཞུགས། བཅུ་པར་ཡིག་གཟུགས་ཀྱི་མཛེས་རྩལ་དང་། སུམ་རྟགས་དག་གསུམ་བཅས་སྦྱངས། བཅུ་བདུན་པར་རྫོང་སྔོན་བློ་གྲོས་ཚང་ལས་བཀའ་ཆོས་མང་པོ་གསན། བཅོ་བརྒྱད་པར་རྫོང་དཀར་དུ་བྱོན། གཙང་དགེ་བཤེས་ཚང་ལས་སྔ་ཕྱིར་དཔེ་ཁྲིད་མང་དུ་གསན། ཉི་ཤུ་པར་དྷཱི་ཚ་དགོན་དུ་ཕེབས། ཞྭ་དམར་པཎྜི་ཏ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བཤེས་གཉེན་བྱམས་པ་བློ་བཟང་དང་། མཛོད་དགེ་བློ་བཟང་རྒྱ་མཚོ། ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་བསྟེན། གཞུང་ལུགས་རབ་འབྱམས་ལ་སྦྱངས། ཐུན་མོང་རིག་གནས་ལའང་ཞིབ་ཏུ་སྦྱངས། བཞི་བཅུ་པར་ཀ་རིང་ཨེ་ཝཾ་གླིང་དུ་ཕེབས། ཡོངས་འཛིན་བློ་བཟང་དཔལ་ལྡན་དང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་གཉིས་ལོ་ཉི་ཤུའི་རིང་བསྟེན། རྗེ་བླ་མའི་སྙན་བརྒྱུད་ཀྱི་མན་ངག་འཛིན་པར་གྱུར། དཔྱིས་དགོན་དགེ་བྱེད་གླིང་གསར་འདེབས་མཛད། རྟེན་བཞེངས་མཛད། རོང་བོ་དགོན་ཆེན་དུ་ཕེབས། རབ་བྱུང་བཅུ་དྲུག་པའི་ས་ཕག་ཕྱི་ལོ ༡༩༥༩་ལོར་སྐུ་གཤེགས། སློབ་མ་ཁྲི་སྤྲུལ་སྐུ་འཇམ་དབྱངས་འཕྲིན་ལས་དབང་པོ་དང་། རྫོང་དཀར་འཇིགས་མེད་ཤེས་རབ་གྲགས་པ། སྤྲུལ་སྐུ་འཇིགས་མེད་འཕྲིན་ལས་ལྷུན་གྲུབ། ནང་སོ་སྐུ་སྐྱེས། ཁ་སོ་མཆོག་སྤྲུལ་སོགས་ཡོད། གསུང་རྩོམ་ནི་རྩོད་ཡིག་གསང་འཛིན་མཚོན་ཆའི་འཁོར་ལོ་དང་། སྙན་ངག་གི་གབ་ཚིག་གཞོན་ནུའི་བློ་གྲོས་སྒོ་འབྱེད། སྒྲ་རིག་གནམ་འཕང་སྐྱོད་པའི་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་ལེབ། སྤྱོད་འཇུག་ཤེར་ལེའུའི་འབྲུ་འགྲེལ། ཚུལ་གསུམ་ཁྱབ་སྒོ་ཁུག་མ་སོགས་བཞུགས། |