26948

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔྱིད་ཀྱི་ཐིག་ལེ་ (1)
Part of speech མིང་ཚིག
Definition སློབ་དཔོན་ནག་པོ་པས་མཛད་པའི་གསང་སྔགས་ཀྱི་གཞུང་ཞིག་སྟེ། དང་པོ། དཔྱིད་ཀྱི་ཐིག་ལེར་བཅོས་མའི་དཀྱིལ་འཁོར་དང་སྦྱིན་སྲེག་དང་མཆོད་སྦྱིན་དང་བཟླས་པ་དང་བསྒོམ་པ་ལ་སོགས་པའི་ཆོ་གའི་བྱ་བ་གཟུང་བ་དང་འཛིན་པའི་དངོས་པོ་རྣམ་པར་གཅོད་པ་མཚོན་པ་སྔོན་དུ་འགྲོ་བའི་རང་བཞིན་བཤད་པ་རྒྱས་པར་བསྟན་པ། གཉིས་པ། དཔྱིད་ཀྱི་ཐིག་ལེར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྐུ་ཇི་ལྟ་བར་གནས་པར་རྣམ་པར་སྣང་མཛད་ལ་སོགས་པ་ལྷའི་ངོ་བོར་བཤད་པ་རྒྱས་པར་བསྟན་པ། གསུམ་པ། དཔྱིད་ཀྱི་ཐིག་ལེར་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པའི་སྐུའི་དབྱེ་བས་བཤད་པ་རྒྱས་པར་བསྟན་པ། བཞི་པ། དཔྱིད་ཀྱི་ཐིག་ལེར་དེ་བཞིན་གཤེགས་པའི་སྐུའི་བུ་ག་དགུ་དང་བྷ་གའི་དབུས་སུ་སོན་པའི་རྩའི་གནས་བཅུ་ལ་སོགས་པའི་ས་བཅུའི་དབང་ཕྱུག་གི་བཤད་པ་རྒྱས་པར་བསྟན་པ། ལྔ་པ། དཔྱིད་ཀྱི་ཐིག་ལེར་དེ་བཞིན་གཤིགས་པའི་སྐུར་སོནཔའི་རྩ་སུམ་ཅུ་རྩ་བདུན་གྱི་འཁོར་ལོ་རྣམ་པར་གཞག་པ་རྒྱས་པར་བསྟན་པ། བདུན་པ། དཔྱིད་ཀྱི་ཐིག་ལེར་རྩའི་འཁོར་ལོ་དང་བཅས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་བཤད་པ་རྒྱས་པར་བསྟན་པ། བརྒྱད་པ། དཔྱིད་ཀྱི་ཐིག་ལེར་དཀྱིལ་འཁོར་དང་སྦྱིན་སྲེག་དང་མཆོད་པ་དང་བཟླས་པ་དང་། བསྒོམ་པ་ལ་སོགས་པའི་ཆོ་གའི་བྱ་བ་གཏན་ལ་དབབ་པ་རྒྱས་པར་བསྟན་པ། དགུ་པ། དཔྱིད་ཀྱི་ཐིག་ལེར་སྔགས་བཏུ་བ་རྒྱས་པར་བསྟན་པ། བཅུ་པ། དཔྱིད་ཀྱི་ཐིག་ལེར་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་སྐུ་གསུམ་མཚོན་པ་སྔོན་དུ་འགྲོ་བ་དཔལ་ཧེ་རུ་ཀ་ནི་དཔྱིད་ཀྱི་རྡོ་རྗེ་ཕག་མོ་ཐིག་ལེར་བརྗོད་པ་དང་། འགྲོ་བ་དང་འོང་བ་དང་རྒྱུད་དང་སྔགས་དང་ཡེ་ཤེས་དང་གསང་བའི་རིམ་པ་དང་། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་བདེ་བ་ཆེན་པོའི་འཁོར་ལོ་པདྨ་བཞི་པོ་དང་། དབྱངས་ཡིག་བཅུ་གཉིས་དང་། ཡི་གེ་སུམ་ཅུ་རྩ་བཞིའི་རང་བཞིན་དུ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྒྱས་པར་བསྟན་པ། བོད་དུ་མཁས་པ་དམ་པ་བློ་གྲོས་བཟང་པོ་གྲགས་པའི་ཞལ་སྔ་ནས་དང་། སྒྲ་སྒྱུར་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར།

{{#arraymap:དཔྱིད་ཀྱི་ཐིག་ལེ་

|; |@@@ | | }}

དཔྱིད་ཀྱི་ཐིག་ལེ་ (2)
Part of speech མིང་ཚིག
Definition ཁམས་དཀར་དམར་གྱི་དོན་ཏེ། ཁམས་དཀར་ཆའི་དྭངས་མ་ལ་དཔྱིད་དང༌། དམར་ཆའི་དྭངས་མ་ལ་ཐིག་ལེ་ཞེས་བྱ། སྒྲ་བཤད་ནི། ལུས་ཅན་རྣམས་ཀྱི་བདེ་བའི་དགའ་སྟོན་འབར་བར་བྱེད་པས་ན་དཔྱིད་དང༌། བདེ་བ་བརྟན་པར་བྱེད་པས་ན་ཐིག་ལེ་ཞེས་བྱ།
Domain ཆོས་ལུགས།

{{#arraymap:དཔྱིད་ཀྱི་ཐིག་ལེ་

|; |@@@ | | }}

དཔྱིད་ཀྱི་ཐིག་ལེ་ (3)
Part of speech མིང་ཚིག
Definition སྙིང་གའི་རྩ་མདུད་ཀྱིས་བཅིངས་པའི་དབུ་མའི་ནང་གི་བུ་ག་ཅུང་ཟད་ཙམ་དེའི་ནང་ན་གནས་པའི་ཧཱུྃ།

{{#arraymap:དཔྱིད་ཀྱི་ཐིག་ལེ་

|; |@@@ | | }}