2695
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་དབུས་ཕྱོགས་སུ་ཡོད་པའི་སྔོན་གྱི་གྲོང་ཁྱེར་མཛོད་ལྡན། བཱ་ན་ར་སི་དང་ཁད་ཉེ་ས་ཆུ་བོ་ཡ་མུ་ནའི་འགྲམ་དུ་ཀཽ་ཤམྦིའི་ཤུལ་ཡོད། དེང་སང་ཡང་ཀོ་ཤམ་ཟེར། གནས་དེར་མྱ་ངན་མེད་ཀྱི་རྡོ་རིང་དང་ཞིང་གི་དཀྱིལ་ན་སྔོན་གྱི་གྲོང་ཁྱེར་གྱི་ལྕགས་རི་གསལ་ཙམ་ཡོད་འདུག འདིར་བློན་པོ་གདངས་ཅན་གྱིས་སངས་རྒྱས་ཤཱཀྱ་ཐུབ་པ་སྤྱན་དྲངས་ཏེ་ལོ་གཅིག་བཞུགས་པར་གྲགས་པ་དང། དེ་བཞིན་དུ་ཀཽ་ཤམྦི་ནས་ལྷོ་ཕྱོགས་རྒྱང་རིང་པོ་ན་རི་བོ་འབིགས་བྱེད་ཀྱང་གསལ་བར་མཐོང་ཐུབ་ཅེས་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཡིག་ཏུ་གསུངས། |
| Foreign | རྒྱ་གར། |