26955

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ (1)
Part of speech མིང་ཚིག
Definition གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་འདི་རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་ཆུ་ལུག་ཕྱི་ལོ ༡༦༤༣ ལོར་མཛད་ཅིང། བརྗོད་བྱ་ཆོས་སྲིད་གཉིས་ལས་སྲིད་ཕྱོགས་གཙོ་བོ་དང་། དུས་རབས་སྔ་ཕྱི་གཉིས་ལས་ཕྱི་རབས་གླང་དར་མན་ཆད་གཙོ་བོར་བསྟན་ཅིང་། ལྷག་པར་དུ་ས་སྐྱ་པ་དང་ཕག་གྲུ་གཉིས་འཕེལ་འགྲིབ་བམ་དར་རྒུད་ཀྱི་ལོ་རྒྱུས་རྒྱས་པར་བཀོད་ཡོད་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་གོ །