26991

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔྱོད་པ་བ་ (1)
Part of speech མིང་ཚིག
Definition ལེགས་ཉེས་དང་ཡག་བཙོག་སོགས་ཤན་འབྱེན་གྱི་དཔང་པོ།
Example དཔྱོད་པ་བས་བཟང་ངན་ཐག་བཅད། ཁོང་གཟུར་གནས་ཀྱི་དཔྱོད་པ་བ་ཞིག་རེད་ལྟ་བུ།
དཔྱོད་པ་བ་ (2)
Part of speech མིང་ཚིག
Definition སྔོན་རྒྱ་གར་དུ་བྱུང་བའི་གྲུབ་མཐའ་ཞིག་ཡིན་ཞིང༌། དེ་ལ་རྒྱལ་དཔོག་པ་ཡང་ཟེར་དེས་མཆོད་སྦྱིན་ཁོ་ནས་ཚངས་པ་ལྟ་བུའི་མཐོ་རིས་ཀྱི་གོ་འཕང་ཐོབ་པ་ཡོད་པར་འདོད་ལ། སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་ནི་མེད་པར་འདོད་དོ། །
Domain ཆོས་ལུགས།