27026
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐོབ་ཐང་དང༌། ནུས་ཤུགས་ཀྱི་དོན་ཏེ། |
Example | རང་དབང༌། གཞན་དབང༌། མ་རིག་པའི་དབང་གིས་ནོར་འཁྲུལ་བྱུང་བ། སད་སེར་དབང་གིས་ལོ་ཉེས་བྱུང་བ་ལྟ་བུ། |
{{#arraymap:དབང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འགན་དབང་གི་ཁོངས་སུ་བཀོད་འདོམས་བྱེད་པའི་སྟོབས་ཤུགས་སམ་ནུས་པའི་མིང་། |
Example | ས་གནས་རང་སྐྱོང་གི་སྲིད་དབང་ཞེས་པ་ལྟ་བུ། |
{{#arraymap:དབང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་པའི་གསང་སྔགས་ཀྱི་དབང་གི་དོན་ཏེ། ཨ་བྷི་ཥིཉྩ་གཏོར་བ་དང་བླུགས་པའི་དོན་ཡིན་པས་སྒྲིབ་པ་གཏོར་ནས་རྒྱུད་དག་པར་འཁྲུད་པ་དང༌། རྒྱུད་དག་པའི་སྣོད་གཙང་མར་ཡེ་ཤེས་ཀྱི་ནུས་པ་བླུགས་པ་ཡིན་ལ། ཆོ་ག་རྣམ་པར་དག་པ་ལ་བརྟེན་ཏེ་ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་གདབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱས་ཏེ། གསང་སྔགས་ཀྱི་དོན་ཟབ་མོ་ཉམས་སུ་ལེན་པ་ལ་དབང་བར་བྱེད་པའི་ཆ་ནས་དབང་ཞེས་བྱ། |
Domain | ཆོས་ལུགས། |
{{#arraymap:དབང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྒྱུད་ཀྱི་དངོས་པོ་བཅུའམ་བཅུ་གཅིག་གི་ཡ་གྱལ་ཏེ། ཕྱོགས་བཅུའི་མུན་སེལ་ལས། དེའང་དབང་གི་དོན་ལ་ཨ་བྷི་ཥེ་ཀ་ཏ་ཞེས་ཟེར་ཞིང་། དེའི་དོན་ཡང་ནུས་པ་འཇུག་པར་བྱེད་པ་སྟེ། འཇིག་རྟེན་ན་རྒྱལ་སར་འདོན་པ་ལ་རིག་བྱེད་ཀྱི་བུམ་པས་དབང་བསྐུར་ནས་ཡུལ་ཁམས་ལ་དབང་བའི་ནུས་པ་འཇུག་པ་དང་འདྲ་བར། རང་གཞན་གྱི་དོན་བྱེད་པའི་ནུས་པ་འཇུག་པ་སྟེ། རྒྱལ་པོ་སྦྱིན་པ་ཞེས་བྱའོ། །ཡང་ཨ་བྷི་ཥིཉྩའི་སྒྲས་ཡེ་ཤེས་ཀྱིས་བགོས་ཤིང་སྒོ་གསུམ་གྱི་དྲི་མ་འཁྲུད་པས་ན་དབང་ངོ་། །ཞེས་དང་། འོད་གསལ་སྙིང་པོ་ལས། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན་ཨ་བྷི་མངོན་པ། ཥིཉྩ་གཏོར་བའམ་བླུགས་པའི་དོན་ཡིན་པས། སྔགས་ཀྱི་དབང་བསྐུར་བའི་ཆོ་ག་ཟབ་མོ་ལ་བརྟེན་ནས། སློབ་བུའི་སྒོ་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་འཁྲུད་པའམ་གཏོར་བར་བྱེད་ཅིང་། རྡོ་རྗེ་བཞིར་སྨིན་པའི་ཡེ་ཤེས་འཆར་བའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའམ་བླུགས་པར་བྱེད་པའོ། །གཉིས་པ་གཞི་དུས་ཀྱི་གནས་སྐབས་བཞི་ཡི་དྲི་མ་སེལ་ཞིང་། ལམ་བཞི་བསྒོམ་པ་དང་། འབྲས་དུས་སྐུ་བཞི་ཐོབ་པའི་དོན་གྱིས་དབང་རྣམ་པ་བཞི་སྟེ། ལུས་དང་རྩ་སྤྲུལ་སྐུར་དག་པར་བྱེད་པ་བུམ་པའི་དབང་། ངག་དང་རླུང་ལོངས་སྐུར་དག་པར་བྱེད་པ་གསང་བའི་དབང་། ཡིད་དང་ཐིག་ལེ་ཆོས་སྐུར་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། སྒོ་གསུམ་ཆ་མཉམ་དུ་ངོ་བོ་ཉིད་སྐུར་དག་པར་བྱེད་པ་ཚིག་གི་དབང་སྟེ་བཞིར་ཡོད། ཅེས་དང་། དབང་འདི་ནི་སྔགས་ཉམས་སུ་ལེན་པ་ལ་ཐོག་མའི་འཇུག་སྒོ་མེད་དུ་མི་རུང་བ་སྟེ། དེ་ཡི་རྒྱུ་མཚན་ཤིན་ཏུ་རྟོགས་པར་དཀའ་བ་དག་མཉམ་བདེན་པ་དབྱེར་མེད་གཞི་ཡི་དཀྱིལ་འཁོར་ཡེ་ནས་རང་ལ་གནས་པ་ཉིད། དབང་བསྐུར་བའི་ཆོ་ག་ཟབ་མོས་བཙན་ཐབས་སུ་འཆར་བར་བྱེད་པ་སྟེ། རྡོ་རྗེ་བཞི་ཡི་ཡེ་ཤེས་སྨིན་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །ཞེས་གསུངས། |
{{#arraymap:དབང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག རྒྱུའི་ཁྱད་པར་སངས་རྒྱས་ཀྱིས་གསུང་བའི་སྔགས་ཀྱི་ཁྱད་པར། ངོ་བོའི་ཁྱད་པར་དམ་ཚིག་གིས་བསྡུས་པའི་སྡོམ་པ། དག་པའི་ཁྱད་པར་སྒྲིབ་པ་སྤོང་བྱེད་ཀྱི་ལམ་ཐམས་ཅད་ཀྱི་གཞིར་གྱུར་པ། བྱེད་ལས་ཀྱི་ཁྱད་པར་ཐུན་མོང་མ་ཡིན་པའི་གསང་བ་ལ་འཇུག་ཏུ་རུང་བར་བྱེད་པ་སྟེ། ཁྱད་པར་བཞི་ལྡན་དུ་གྱུར་པའི་རྒྱུད་གོང་དུ་འཕགས་པའི་གནས་ཐོབ་པའི་དངོས་པོ་དེ་ནི་དབང་དངོས་ཀྱི་མཚན་ཉིད་དོ། ། |
{{#arraymap:དབང་
|; |@@@ | | }}