27032

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་གསུམ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དབང་གསུམ་ནི་མ་ཧཱ་ཡོ་གའི་སྐབས་སྣོད་ལྡན་གྱི་གང་ཟག་སོ་སོའི་ཁམས་དབང་བསམ་པ་དང་མཐུན་པར། བརྟུལ་ཞུགས་རབ་འབྲིང་མཐའ་གསུམ་དང་མཐུན་པར་སྦྱིན་པའི་དབང་གསུམ་སྟེ། སྤར་ཁབ་ལས། བརྟུལ་ཞུགས་ནི་རབ་འབྲིང་ཐ་གསུམ་སྟེ། སྤྱོད་པའི་བརྟུལ་ཞུགས་དང་། རིག་པའི་བརྟུལ་ཞུགས་དང་། མཉམ་པའི་བརྟུལ་ཞུགས་སོ། །དེ་ཡི་དབང་ཡང་གསུམ་སྟེ། དམ་རྫས་ཀུན་ལ་སྤྱོད་པའི་དབང་དང་། རང་རིག་ཐམས་ཅད་མཁྱེན་པའི་དབང་དང་། ཤིན་ཏུ་བརྟན་པའི་དབང་དང་གསུམ་རིམ་པས་སྦྱིན་ཏེ། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དབང་གསུམ་

|; |@@@ | | }}