27049
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ནི་དངོས་འབྱོར་ཕྱི་ནང་གི་མཆོད་རྫས་རྣམས་མེ་ལ་སྦྱིན་སྲེག་བྱ་སའི་ཐབ་ཀ་ཞིག་ཡིན། རྩིག་པའི་དབྱིབས་ནི། ཟླ་གམ་སུམ་རྩེག་ཅན་ལ་ཁ་ཁྱེར་དུ་རྡུལ་མཚོན་གྱིས་པད་མ་འདབ་བརྒྱད་ཅིག་བླུགས་ཏེ་ལྟེ་བར་ཨཱོྃ་ཡིག་བཀོད་པ་ཞིག་དགོས་པར་བཤད། མདོག་ནི། དམར་པོ་དགོས་པར་བཤད་དོ། །དེའི་མཚོན་དོན་ནི། དངོས་འབྱོར་གྱི་མཆོད་པ་སྐམ་རློན་གྱི་རྫས་རྣམས་འབུལ་སའི་ལྷ་ཡི་ཞལ་མཚོན་པ་ཡིན་པར་བཤད་དོ། །འདིར་པད་མ་ནི། སྐབས་བབ་དབང་གི་དཀྱིལ་འཁོར་གྱི་སྒོ་དང་བསྟུན་པ་སྟེ། གཞན་སྣང་དབང་དུ་སྡུད་པའི་བརྡ་དོན་ཡིན་པར་མངོན་ནོ། ། |
Domain | ཆོས་ལུགས། |
{{#arraymap:དབང་གི་མེ་ཐབ་
|; |@@@ | | }}