27057

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་གི་རིམ་པ་མདོར་བསྡུས་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་དཔལ་ཤེས་རབ་གསང་བས་མཛད་པའི་དབང་གི་རིམ་པ་མདོར་བསྡུས་པ། འདིའི་སྒྱུར་བ་པོ་གཞུང་དངོས་ལ་མི་གསལ་ཡང་། བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་པར་མ་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔལ་ཤེས་རབ་གསང་བ་ཞེས་འཁོད། ཆོས་ཚན་འདི་འོག་ཏུ་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་གཉིས་ལ་བླ་མེད་རྒྱུད་སྤྱིའི་དགོངས་འགྲེལ་གྱི་སྐོར་ལ་ལྷག་མར་འཁོད་པའི་ཆོས་ཚན་ ༡༣༧༨ པ་དང་བསྐྱར་ཟློས་སུ་སོང་ཡོད། བསྟན་འགྱུར་རྒྱུད་ཏ་པར་བཞུགས། 2 སློབ་དཔོན་དཔལ་ཤེས་རབ་གསང་བའི་ཞལ་སྔ་ཀྱིས་མཛད་པའི་དབང་གི་རིམ་པ་མདོར་བསྡུས་པ། ཆོས་ཚན་འདི་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་གཉིས་ལ་ལྷག་མར་འཁོད་པ་སྟེ། གོང་དུ་པེ་ཅིང་པར་མ་དང། སྡེ་དགེ་པར་མ་དང་ཅོ་ནེ་པར་མ་བཞིར་ཀྱེ་རྡོ་རྗེའི་སྐོར་ལ་བཞུགས་པའི་ཆོས་ཚན་ ༠༢༣༥ པ་དང་བསྐྱར་ཟློས་སུ་འཁོད། བསྟན་འགྱུར་རྒྱུད་ཟི་པར་བཞུགས།

{{#arraymap:དབང་གི་རིམ་པ་མདོར་བསྡུས་པ་

|; |@@@ | | }}