27060
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྒྱའི་ལོ་རྒྱུས་རྒྱ་ནག་ཆོས་འབྱུང་གཞི་བཟུང་སྟེ་བཀོད་པ་སྟེ། ༡ དབང་དང་པོ། ཥི་ཡ་ཡུའི་དབང༌། འདི་ཀའུ་ཡང་ཞིའི་ཚ་བོ་ཧུ་ཝང་དྷིའི་ཡང་ཚ་མི་རབས་གཉིས་པ། འདིས་ཞུན་གྱི་རྒྱལ་ཚབ་ལོ་ཉེར་བརྒྱད། རྒྱལ་པོ་ལོ་བཅུ་བདུན་བྱས། དེ་ནས་རྒྱལ་རབས་ལྔ་པ་དྷི་ཥང་གི་སྐབས་རྒྱལ་ཕྲན་ཧན་ཁྲུ་ཞེས་པས་རྒྱལ་སྲིད་ཕྲོགས་པ་ནི། འབངས་ཀྱིས་རྒྱལ་པོར་རྒོལ་ནས་རྒྱལ་སྲིད་འཕྲོག་པའི་ཐོག་མ་ཡིན། དེ་ནས་བློན་ཆེན་རྙིང་པ་ལཱི་ཞེས་པས་རྒྱལ་སྲིད་ཚུར་བླངས་ནས། དྷི་ཥང་གི་བུ་ཞོའུ་ཥང་རྒྱལ་སྲིད་ལ་བཞག ༢ དབང་གཉིས་པ་ཆེང་ཐང། དེ་ནས་བརྩིས་པའི་རབས་བཅུ་གཉིས་པ་ཀི་ཡི་ཡེ་ཟེར་བའི་རྒྱལ་པོ་དེས་རྒྱལ་སྲིད་ལུགས་དང་མཐུན་པར་མ་བསྐྱངས་ཤིང༌། རྒྱལ་ཕྲན་རྣམས་ཀྱང་རྒྱལ་པོ་དེ་དང་འདྲ་བར་ཧ་ཅང་གདུག་རྩུབ་ཆེ་བའི་རྐྱེན་གྱིས། ཧུའང་དྷིའི་གདུང་བརྒྱུད་རྒྱལ་ཕྲན་ཆེང་ཐང་གིས་མགོ་འཁྲིད་པའི་དམག་གིས་མི་དམངས་ལ་གྲོགས་བྱས་ཏེ། རྒྱལ་པོ་དེ་དང་རྒྱལ་ཕྲན་མ་རུང་བ་རྣམས་ཚར་བཅད། རང་ཉིད་ཀྱིས་རྒྱལ་སྲིད་བཟུང༌། རྒྱལ་སྲིད་ཀྱི་མིང་ཤང་ཡིན་ཀྱང་དེ་ནས་རྒྱལ་རབས་བཅུ་བདུན་པ་ཕན་ཀེང་རྒྱལ་པོས་ཡེན་དུ་བསྒྱུར། ཕན་ཀེང་ནས་རབས་བཅུ་གཉིས་པ་རྒྱལ་པོ་ཅིའུ་ཞེས་པ་རྒྱལ་སྲིད་སྐྱོང་ལུགས་རྒྱལ་ངན་ཀི་སི་དང་མཚུངས་པར་བརྟེན་རྒྱལ་ས་ཤོར་རོ། །༣ དབང་གསུམ་པ། ཝེན་ཨུ། ཅིའུ་རྒྱལ་པོའི་དུས་ཀྱི་རྒྱལ་ཕྲན་ཟི་པེ་ཟེར་བ་དེའི་བུ། མིང་དངོས་ཨུ་དབང་ཟེར། ཀའུ་ཟིན་ཞིའེ་ཡང་ཚ་མི་རབས་བཅུ་དྲུག་པ་ཡིན། རྒྱལ་སྲིད་ཀྱི་མིང་ཊེའུ་ཟེར། (ལོ་རྒྱུས་རྣམས་སུ་ཅེའུའམ་ཅེའུ་ཞེས་སྣང) འདི་ནས་ཊེའུའི་རྒྱལ་རབས་འགོ་ཚུགས། |
Domain | ལོ་རྒྱུས། |
{{#arraymap:དབང་གི་རྒྱལ་རབས་གསུམ་
|; |@@@ | | }}