27072
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་ཀྱི་དབང་གི་རིམ་པ་རྣམས་བསྐུར་བར་མི་ཆོག་པའི་སྣོད་མེད་ཀྱི་གང་ཟག་བསྟན་པ་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། གང་ཟག་སྣོད་ངན་ཁ་སྦུབ་པ། མཚམས་མེད་སྡིག་ཅན་ཧར་འདྲོགས་ཅན། ཁོང་གྲིམས་བླ་མའི་བཀའ་མི་ཉན། ཐོས་མེད་རྟོགས་ཆུང་ཤེས་རབ་འཐིབས། དང་པོ་བཀའ་ལ་ཉམས་སོད་ཅིང་། བར་དུ་བོན་ལ་བརྙས་བྱེད་དང་། ཐ་མར་གསས་མཁར་སུན་འབྱིན་པ། དེ་ལ་དབང་རྣམས་བསྐུར་མི་བྱ། ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། གང་ཟག་དེ་ལ་རྣམ་དཀར་དགེ་བའི་བོན་ལ་དད་མོས་ཀྱི་གཞི་ཙམ་ཡང་མི་ལྡན་པ་སྣོད་ཁ་སྦུབ་ལྟ་བུ་སྟེ་ཐེག་ཆེན་གྱི་བོན་སྡེ་ལྟ་སྒོམ་སོགས་ཀྱི་སྣོད་དུ་མི་རུང་ལ། ལས་སྤྱོད་མ་དག་པ་མཚམས་མེད་ཀྱི་སྡིག་ལས་སྤྱོད་པ། བློ་རྩ་མི་བརྟན་པ་གཞན་ཟེར་ལ་ཐོལ་བྱུང་ཧར་འདྲོགས་ཅན། ཁོང་རྒྱ་ཆུང་ཞིང་བླ་མའི་བཀའ་ལ་མི་བཀུར་བ། སྡེ་སྣོད་ལ་ཐོས་རྒྱ་མེད་ཅིང་བློ་རྨོངས་ཤིང་འཐིབས་པ། བདེར་གཤེགས་ཀྱི་བཀའ་ལ་དད་མོས་མེད་ཅིང་ཉམས་སོད་བྱེད་པ། ཕྱི་ནང་གི་བོན་སྡེ་ལ་མཐོང་ཆུང་གིས་བརྙས་བཅོས་བྱེད་པ། གསས་མཁར་ཕྱི་ནང་གི་དོན་མ་རྟོགས་ཤིང་ལོག་པར་རྟོག་པས་སུན་འབྱིན་པར་བྱེད་པའི་རིགས་ལ་གསང་སྔགས་ཀྱི་དབང་གི་རིམ་པ་རྣམས་བསྐུར་དུ་མི་རུང་བའི་སྣོད་ངན་ནམ་སྣོད་མེད་ཡིན་པར་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:དབང་གི་སྣོད་མེད་
|; |@@@ | | }}