27073
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་ཀྱི་དབང་གི་རིམ་པ་རྣམས་བསྐུར་ཡུལ་སྣོད་ལྡན་གྱི་སློབ་མ་བསྟན་པ་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། དབང་བསྐུར་ཐོབ་པའི་སློབ་བུ་ནི། སེམས་བཟང་ཁོང་ཡངས་ངང་དང་ལྡན། དམ་ཚིག་མི་ཉམས་ཕུན་སུམ་ཚོགས། ལྟ་སྒོམ་དོན་དང་ལྡན་པ་དང་། སྐུ་གསུང་ཐུགས་ཀྱི་སྲས་བྱེད་ཅིང་། ལྷ་དང་དཔོན་དང་གསས་མཁར་ལ། ཆགས་མེད་ཟང་ཟིང་མཆོད་འབུལ་བ། དེ་ལ་དབང་རྣམས་རྫོགས་པར་བསྐུར། ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། དེ་ལ་ཡོན་ཏན་གྱི་ཁྱད་པར་མང་དུ་གསུངས་ཀྱང་སེམས་པ་བཟང་ལ་བློའི་ཁོང་རྒྱ་ཆེ་བ། བསྲུང་བྱའི་རྩ་ལག་གི་དམ་ཚིག་རྣམས་མི་ཉམས་ཤིང་ཕུན་ཚོགས་གོང་འཕེལ་དུ་ཉམས་སུ་ལེན་ནུས་པ། ཐེག་པ་ཆེན་པོའི་ལྟ་སྒོམ་སོགས་ལ་དོན་གཉེར་གྱི་རྒྱུན་བསྲིང་ལ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་སྲས་སུ་བྱེད་པར་དད་མོས་ཀྱིས་འདུན་པ་དྲག་པོར་ལྡན་པ། ཡི་དམ་གྱི་ལྷ་དང་དཔོན་གསས་སོགས་ལ་དངོས་འབྱོར་ཟང་ཟིང་ནོར་གྱི་མཆོད་པ་རྣམས་ཆགས་མེད་དུ་འབུལ་བར་ནུས་པའི་གང་ཟག་ཅིག་དགོས་པར་བསྟན་ཏོ། ། |
Domain | ཆོས་ལུགས། |
{{#arraymap:དབང་གི་སྣོད་ལྡན་
|; |@@@ | | }}